ཟླ2པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་སོ་སོར། ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒོ་བྱང་འགེལ་བའི་བྱེད་སྒོར་ཞུགས་པའི་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་འཛིན་དབུ་གཙོ་ཁྲིན་ཏི་ཞིན་སོགས་དང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མགོ་གཙོ་ལིའུ་ཅུན་སོགས་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལོའུ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྲིན་ཏི་ཞིན་སོགས་དང་ལིའུ་ཅུན་སོགས་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཕྱོགས་སོ་སོས་ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་འཛུགས་པའི་བརྒྱུད་རིམ་ཁྲོད་དཀའ་སྤྱད་འབད་བརྩོན་དང་རོགས་རམ་ཆེན་པོ་འདོན་སྤྲོད་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས་པ་དང་ཁས་ལེན་གང་ལེགས་བྱས། ཝུའུ་ཞའོ་ཅུན་དང་ལོའུ་ཏུང་ཁྲོན་གཉིས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱུད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་འཛུགས་པའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། ང་ཚོར་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། མིག་སྔར། མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་ལེགས་པའི་འཕེལ་རྒྱས་དུས་སྐབས་སུ་གནས་ཡོད་པས། ཕྱོགས་སོ་སོས་སྒོ་བྱང་འགེལ་བའི་བྱེད་སྒོ་འདི་གོ་སྐབས་སུ་བརྩིས་ཏེ། མུ་མཐུད་དུ་ཚན་རྩལ་གསར་གཏོད་དང་རྒྱུ་ཆ་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་པ། དངུལ་རྩས་ཐོན་ལས་འཕེལ་རྒྱས་ལ་བྱེད་ནུས་སྩོལ་བ་སོགས་ཕྱོགས་ནས་མཉམ་ལས་གཏིང་ཟབ་བྱེད་པ་དང་། ཤུགས་ཆེན་པོས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་ཐུབ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱས་ནས། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་རྣམ་པ་གསར་པ་མཉམ་དུ་གསར་འབྱེད་བྱ་དགོས་ཞེས་བསྟན།
ཁྲིན་ཏི་ཞིན་དང་ལིའུ་ཅུན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་དང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་ལ་ཐུགས་ཁུར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁྲིན་ཏི་ཞིན་དང་ལིའུ་ཅུན་གཉིས་ཀྱིས་ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མཚོ་སྔོན་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་དམིགས་ཏེ་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་དབྱང་དང་ས་གནས་ཀྱི་དགེ་མཚན་སྔར་ལས་མཉམ་འདྲེས་དང་ལག་རྡང་མཉམ་སྦྲེལ་གྱིས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།