ཟླ2པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས2025ལོའི་གཞུང་ལུགས་སྒྲོག་འགྲེལ་བྱ་བ་བཟང་པོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམ་བྱས་ནས། ད་ལོའི་ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་སྒྲོག་འགྲེལ་བྱ་བ་བཟང་པོར་བསྒྲུབ་པའི་ཐད་བཀོད་སྒྲིག་བཟང་བོ་བྱས།
བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ། ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སོགས་སྒྲོག་འགྲེལ་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མི་སེམས་སུ་ཟུག་པར་བྱ་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་རེ་བ་གལ་ཆེན་ལ་དམིགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱུན་མཐུད་ངང་སྒྲོག་འགྲེལ་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་བ། ཞིང་ཆེན་ཏང་ཨུའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལག་བསྟར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་སྒྲོག་འགྲེལ་བྱེད་པར་བཀོད་སྒྲིག་བཟང་པོ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་རིགས་སོ་སོའི་བུ་དང་བུ་མོའི་ཡིད་ཆེས་བརྟན་པོ་གཅིག་ཏུ་བསྡུ་བ། དངོས་སྒྲུབ་ལེགས་བརྩོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། བརྡ་སྦྱོར་ནང་གཞུང་ལུགས་སྒྲོག་འགྲེལ་གྱི་ཆེད་སྒྲིག་སྐོར་ཞིག་གཏན་ཁེལ་བྱས་པ་དང་། གཞུང་ལུགས་སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་སྔར་ལས་གཏན་ཁེལ་་གསལ་པོ་བྱས།
བརྡ་སྦྱོར་ནང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཕྱོགས་སོ་སོ་མཉམ་ཞུགས་བྱེད་པའི་སྒྲོག་འགྲེལ་ཆེན་པོའི་བྱ་བའི་རྣམ་པ་འཛུགས་དགོས། ཚོགས་ཁག་བགོས་ནས་སྒྲོག་འགྲེལ་བྱེད་པ་དང་། གཞུང་ལུགས་སྒྲོག་འགྲེལ་གྱི་གནད་ཕིགས་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་གཏང་དགོས། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁྱད་ཆོས་ལྡན་པ་དང་དབྱེ་འབྱེད་ཚད་མཐོ་བའི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་གྱི་ས་ཆ་གཅིག་ལ་ཚོང་རྟགས་གཅིག་གསར་སྐྲུན་བྱ་དགོས། སྔོན་ཐོན་དཔེ་མཚོན་འདེམ་པ་དང་། གཞུང་ལུགས་སྒྲོག་འགྲེལ་དང་དྲིལ་སྒྲོག་ལ་ཤུགས་བསྣན་ནས། གཞུང་ལུགས་སྒྲོག་འགྲེལ་བྱ་འགུལ་གྱི་ལག་ལེན་དངོས་དང་ཕན་འབྲས་དངོས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱ་དགོས་པའི་རེ་བ་བཏོན།