ཟླ1པའི་ཚེས15ཉིན། གསར་འགོད་པས2025ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། མཚོ་སྔོན་གྱིས་བྱེད་ཐབས་སྤྱད་དེ་གཞུང་ལམ་དང་བཟོ་སྐྲུན་ཚོད་འཛིན་ཁུལ་གྱི་སྒྲིག་འགལ་བཟོ་སྐྲུན་དང་། གཞུང་ལམ་ལ་གཏོར་བརླག་བྱེད་པ། གདལ་ཚོང་བཤམ་པ་སོགས་ཀྱི་གནད་དོན་ལ་ཁྲིམས་འགལ་བཅོས་སྐྱོང་བྱས་པ་དང་། གཞུང་ལམ་གྱི་གྱོང་གུན་བདའ་འཇལ་བྱས་པ་དང་གཞུང་ལམ་བདེ་འཇགས་ལ་སྲུང་བྱས་པས། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ཤར་བགྲོད་ནུས་པ་མངོན་གསལ་སྒོས་ཇེ་ཆེར་སོང་། ལོ་ཧྲིལ་བོར་བསྡོམས་པས་གཞུང་ལམ་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་སྟོང་གཅིག་དང་སུམ་བརྒྱ་སོ་གསུམ་རྩད་ཆོད་པ་དང་། གཞུང་ལམ་ལ་གཏོར་བརླག་གཏོང་བའི་གྱོད་གཞི་དགུ་བརྒྱ་དང་ཞེ་གཉིས་རྩད་ཆོད་བྱུང་།
2024ལོར། ཞིང་ཆེན་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་གིས་ཕྱོགས་ཡོངས་ནས་འགོ་ཁུངས་བཅོས་སྐྱོང་དང་ཤར་བགྲོད་ལྟ་སྐུལ། ཚད་བརྒལ་བཅོས་སྐྱོང་གི་བྱེད་ཐབས་ལ་ཤུགས་བསྣན་པ་དང་། དྲ་ཐོག་ནས་ཞིབ་བཤེར་བྱེད་པ་དང་ཡུལ་དངོས་ནས་དུས་བཅད་དང་དུས་ངེས་མེད་དུ་ཞིབ་བཤེར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། ལྗིད་སྐྱེལ་རླངས་འཁོར་དང་ལམ་ཐུང་ན་འགྲུལ་བ་མི་སྐྱེལ་བ། ཞིབ་བཤེར་ས་ཚིགས་གཡོལ་ནས་འགྲོ་བ་སོགས་ཀྱི་ཁྲིམས་འགལ་ཚད་བརྒལ་སྐྱེལ་འདྲེན་སྤྱོད་ཚུལ་ལ་རྡུང་རྡེག་བྱས། ལོ་ཧྲིལ་བོར་བསྡོམས་པས་ཟོང་སྐྱེལ་རླངས་འཁོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གསུམ་ལྷག་ལ་ཞིབ་བཤེར་བྱས་པ་དང་། ཚད་བརྒལ་ནས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་སྟོང་གཅིག་དང་སུམ་བརྒྱ་ཉེར་གཅིག་ལ་རྩད་གཅོད་བྱས་ནས། གཞུང་ལམ་གྱི་རྨང་གཞི་སྒྲིག་ཆས་ཀྱི་བདེ་འཇགས་དང་སྐྱེལ་འདྲེན་ཚོང་རའི་སྒྲིག་ལམ་སྲུང་སྐྱོབ་བྱས། དེ་དང་མཉམ་དུ། གྲོང་ཁྱེར་དང་ཁུལ་བརྒལ་བའི་མཉམ་སྡེབ་ཚན་ཆུང་དང་གཞུང་ལམ་མཉམ་འབྲེལ་སོགས་ཞིང་ཆེན་ནང་ཁུལ་གྱི་ཁུལ་ཁོངས་བརྒལ་བའི་ཁྲིམས་བསྟར་མཉམ་ལས་མ་དཔེ་འཛུགས་པར་མཛུབ་སྟོན་བྱས་པ་དང་། འགྲུལ་གཉིས་ཉེན་གཅིག་དང་གླ་གཏོང་རླངས་འཁོར་སོགས་ཀྱི་ལས་རིགས་ཁྱབ་ཁོངས་གཙིགས་འཛིན་བྱས་ཏེ། ཁུལ་ཁོངས་བརྒལ་ནས་ཁྲིམས་འགལ་འཁོར་རྒྱུག་བྱེད་པ་དང་ཚད་བརྒལ་རླངས་འཁོར་གཏོང་བ་སོགས་ལ་བཅོས་སྐྱོང་བྱེད་པའི་འགལ་རྡུང་ཉེན་བཅོས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ།
2025ལོར། ཞིང་ཆེན་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་གིས་དངོས་པོ་ཆེ་གྲས་སྐྱེལ་འདྲེན་དང་ལམ་ངོས་ཀྱི་ཚད་བརྒལ་སྐྱེལ་འདྲེན་ལ་བཅོས་སྐྱོང་བྱེད་པའི་གཞི་གྲངས་ཆེན་པའི་མ་དཔེ་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་དང་། སྐྱེལ་འདྲེན་རླངས་འཁོར་དབྱེ་འབྱེད་དང་། ལམ་ཁོངས་སྣང་ཚུལ་ཀྱི་ལས་རྣམ་ཧྲིལ་བོའི་ཚོར་ཤེས་དབྱེ་ཞིབ་བྱ་བ་སྤེལ་བ་དང་། མི་མེད་གནམ་གྲུ་ཡི་ཟུར་རོགས་བྱེད་པའི་གཞུང་ལམ་ལམ་སྲིད་ཁྲིམས་བསྟར་བྱ་བ་ཁྱབ་གདལ་དུ་གཏོང་རྒྱུ་རེད། དེ་དང་མཉམ་དུ། ཁུལ་ཁོངས་བརྒལ་བའི་རྒྱུན་རྣམ་ཅན་གྱི་སྡེ་ཁག་མཉམ་འབྲེལ་གྲོས་ཚོགས་དང་ཡུན་རིང་གི་སྡེ་ཁག་མཉམ་འབྲེལ་བྱ་བའི་ལམ་ལུགས་བཙུགས་ནས། ཞིང་ཆེན་བརྒལ་བའི་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་གཅིག་བསྡུས་སྒོས་རྡུང་རྡེག་བྱེད་པ་དང་། ཞིང་ཆེན་གྱི་འཕྲལ་བསྟུན་ཤར་གཏོང་འགན་སྲུང་དང་ཞབས་ཞུ་འགན་སྲུང་བྱ་བའི་ལས་ཆོད་མཐོར་འདེགས་གཏོང་རྒྱུ་རེད།