མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད།

  2025-02-06 15:57:36 

ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད་དེ། གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་སྒྲིག་ཆས་ཀྱི་ཚན་ཞིབ་སྲོལ་ཡིག》ཅེས་པ་དངོས་སུ་ཁྱབ་བསྒྲགས་བྱས་ནས། 2025ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ཟབ་སྤེལ་བྱས་ནས། སྒྲིག་ཆས་ཀྱི་ཚན་རིག་ཞིབ་འཇུག་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱས་པ་དང་། གནས་བབ་གསར་པའི་འོག་གི་སྒྲིག་ཆས་ཀྱི་ཚན་རིག་ཞིབ་འཇུག་ལས་དོན་གྱི་གཞི་རྩའི་བླང་བྱ་དང་ལམ་ལུགས་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་རྒྱུ་དེ་ནི། དམག་དཔུང་སྒྲིག་ཆས་ཀྱི་ཚན་རིག་ཞིབ་འཇུག་ལས་དོན་གྱི་གཞི་རྩའི་ཁྲིམས་སྲོལ་ཡིན་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། སངས་བཀྲ།