མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གིས་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩས་རྒྱབ་སྐྱོར་ཆེན་པོ་བྱས།

  2025-02-06 15:56:16 

རྨ་ཆུར་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་འབྲེལ་བའི་བསྐལ་བརྒྱའི་ཇུས་ཆེན་ཞིག་རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། 2024ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ཏེ། ལྗང་མདོག་དངུལ་རྩ་དམ་འཛིན་བྱེད་གཞིར་བྱས་ནས་རྨ་ཆུའི་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་མཐུན་རྐྱེན་བསྐྲུན།

2024ལོར། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་དུ་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བདུན་འབུམ་དྲུག་ཁྲི་བདུན་བཏང་བའི་ནང་ལྗང་མདོག་ཐོན་ལས་ཀྱི་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་ས་ཡ་དྲུག་འབུམ་གསུམ་ཁྲི་བཞི་བཏང་བ་དང་ལྗང་མདོག་དངུལ་བུན་གྱིས་བརྒྱ་ཆའི་དོན་གཉིས་ཟིན་པ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཏེ་རྨ་ཆུའི་མཚོ་སྔོན་རྒྱུག་ཁུལ་གྱི་ནུས་རྒྱུ་གཙང་མའི་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་འབུམ་བདུན་ཁྲི་དགུ་བཏང་ནས་རྒྱལ་ཁབ་ཀྱི་རླུང་གློག་གི་འོད་ཤུགས་རྟེན་གཞི་ཆེ་གྲས་དང་། དབྱང་ཆུའི་ཆུ་ཤུགས་གློག་ཁང་། མཚོ་སྔོན་དང་ཧི་ནན་བར་གྱི་ཐེངས་གཉིས་པའི་ཐད་རྒྱུག་གློག་ཁུངས་དང་། ཆུ་འཐེན་ནུས་གསོག་གློག་ཁང་སོགས་རྣམ་གྲངས་གལ་ཆེན་ལ་མ་དངུལ་བསྡུ་སྒྲིལ་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུས་ནས་འགྲིམ་འགྲུལ་དང་། ཆུ་བེད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སོགས་རྨང་གཞིའི་སྒྲིག་བཀོད་ལ་དངུལ་བུན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་དགུ་བཏང་བ་དང་། མཚོ་སྔོན“རྒྱུད་གཅིག་ལམ་གཅིག”གི་གཙོ་གནད་རྣམ་གྲངས་སྟོང་སྐོར་ནས་ནུབ་མཚོའི་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ཡོད།

དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། བཟོ་སྐྲུན་ལས་རིགས་ལ་དངུལ་བུན་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་དགུ་ས་ཡ་དགུ་བཏང་ནས་རྨ་ཆུའི་འབབ་རྒྱུད་ཀྱི་འོད་ཤུགས་སྒྲིག་ཆས་བཟོ་སྐྲུན་དང་རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད། དམངས་འཚོའི་རྣམ་གྲངས་གལ་ཆེན་ལ་ཞབས་ཞུ་དང་འགན་སྲུང་བྱེད་པར་དངུལ་བུན་སྒོར་དུང་ཕྱུར་གཉིས་བཏང་ནས་མཚོ་ཤར་གྱི་ས་ཡོམ་གནོད་འཚེ་ཕོག་པའི་གཞུང་ལམ་དང་རྨང་གཞིའི་སྒྲིག་བཀོད་འཕྲལ་སྡོམ་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱི་བུད་ཤིང་བཟོ་གྲྭའི་ཉེན་ཁང་ཁུལ་སྒྱུར་བཀོད་སོགས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད།

ངོ་སྤྲོད་བྱས་པར་ལྟར་ན། 2025ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི“གནས་བཞི”དང“གལ་ཆེན་གཉིས”“གསར་པ་གཉིས”བཅས་ལ་དམ་པོར་དམིགས་པ། ནུས་རྒྱུ་གཙང་མའི་ཐོན་ལས་དང་། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ། ལྗང་མདོག་གི་རྩིས་རྒྱག་ནུས་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་འགོ་འཛུགས་ས་གསར་པའི་ཐོག་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱས་ཏེ་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་དགོས།

རྩོམ་སྒྲིག་པ། སངས་བཀྲ།