ཁྲིམས་འཛིན་པུའུ་ཡིས་ཉེ་ལམ་ཁྲིམས་རྩོད་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། 2025ལོར་ཁྲིམས་འཛིན་པུའུ་ཡིས་ཁྲིམས་རྩོད་པའི་དཔུང་སྡེའི་ཆབ་སྲིད་ཁྲིད་སྟོན་དང་ཏང་གི་འཛུགས་སྐྲུན་བྱ་བ་མུ་མཐུད་དུ་དམ་འཛིན་ལེགས་པོ་བྱེད་རྒྱུ་ཡིན་པ་གཏན་འཁེལ་གསལ་པོ་བྱས་པ་དང་། ཏང་ཡོན་ཁྲིམས་རྩོད་པར་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་ཏེ། ཏང་གི་རྩ་འཛུགས་དང་བྱ་བ་ནུས་ལྡན་སྒོས་ཕྱོགས་ཡོངས་ལ་ཁེབས་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར། ཁྲིམས་འཛིན་སྡེ་ཁག་གིས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཁྲིམས་རྩོད་པའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཁྲིམས་རྩོད་པའི་བཅའ་ཁྲིམས་བཟོ་བཅོས་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ཁྲིམས་རྩོད་པའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་བཟོ་བ། ཁྲིམས་རྩོད་པའི་ཀུང་ཟིའི་ཁྲིམས་རྩོད་པའི་བྱེད་ནུས་འདོན་སྤེལ་རྐྱེན་སྲོལ་འཐུས་ཚང་གཏོང་རྒྱུ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ལས་དོན་ཁང་རྩེ་གྲས་མགྱོགས་མྱུར་ངང་བསྐྲུན་པ་དང་། བྱང་ཚད་མཐོ་བའི་ཕྱི་འབྲེལ་ཁྲིམས་རྩོད་པ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ཏེ། ཕྱི་རྒྱལ་གྱི་ཁྲིམས་ལུགས་ཞབས་ཕྱིའི་དྲ་རྒྱ་འཐུས་ཚང་གཏོང་རྒྱུ་རེད། དེ་དང་མཉམ་དུ། ཁྲིམས་རྩོད་པའི་ལས་གཉེར་དབང་ཆར་འགན་སྲུང་བྱེད་པའི་བྱེད་ཐབས་དངོས་འདོན་པར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་ཁྲིམས་རྩོད་པའི་ལས་གཉེར་བྱ་སྤྱོད་ཚད་ལྡན་བཏང་ནས། ཁྲིམས་རྩོད་པའི་ལས་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱེད་རྒྱུ་རེད།
ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཁྲིམས་འཛིན་པུའུ་ཡིས་ཁྲིམས་རྩོད་པའི་དཔུང་སྡེའི་ཆབ་སྲིད་ཁྲིད་སྟོན་དང་ལས་རིགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། 2023ལོར་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་གཉིས་ལ་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་པ་དང་། 2024ལོར་ན་གཞོན་ཏང་ཡོན་ཁྲིམས་རྩོད་པ་འབུམ་གཅིག་ལ་ཉེ་བར་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་པས། རྒྱ་ཆེའི་ཁྲིམས་རྩོད་པའི་བསམ་བློའི་རྣམ་པ་ཇེ་ལེགས་སུ་ཕྱིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ནུས་པ་སྔར་ལས་མངོན་གསལ་དུ་གྱུར་ཡོད།