མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱིས་ལུགས་རྙིང་ལོ་སར་གྱི་འཚམས་འདྲིའི་བྱ་འགུལ་སྤེལ།

  2025-01-29 21:14:42 

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལིའུ་མཱེ་ཕིན་དང་ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞཱ། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་ཀྱིས་སོ་སོར་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ཏང་ཕྱིའི་མི་སྣ། ཆེད་ལས་མཁས་པ་ཁག་ཅིག་དང་། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། གཟེངས་བསྟོད་ཐོབ་པའི་ཏང་ཡོན། ཁེ་ལས་དང་ལས་ཡུལ་དང་པོའི་ལས་བཟོ་པ། དཀའ་ཁག་ཡོད་པའི་ལས་བཟོ་པ་སོགས་ལ་འཚམས་འདྲི་དང་ཡང་ན་མངགས་བཅོལ་ལྟར་འཚམས་འདྲི་བྱས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ།


འཚམས་འདྲི་བྱེད་སྐབས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རྣམས་འཚམས་འདྲི་བྱེད་སར་སོང་ནས་འཚམས་འདྲི་བྱ་ཡུལ་དང་ཁ་བརྡ་བྱས་པ་དང་། ཁོ་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཞིབ་མོར་དྲིས་པར་མ་ཟད་ལོ་གསར་གྱི་རྟེན་འབྲེལ་ཞུས། ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རྣམས་ཀྱིས་ཁོ་ཚོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པར་ཕྱིར་དྲན་བྱས་པར་མ་ཟད། ལས་བྱེད་པ་རྒན་པ་རྣམས་ཀྱི་བསམ་འཆར་ལ་ནན་གྱིས་ཉན་པ་དང་། ཁོ་ཚོར་ལུས་ཕུང་བདེ་ཐང་དང་ཚེ་རིང་ནད་མེད་ཡོང་བའི་ལོ་སར་གྱི་སྨོན་འདུན་ཞུས། ཏང་ཕྱིའི་མི་སྣ་དང་ཆེད་ལས་མཁས་པར་བརྗེ་རེས་བྱེད་སྐབས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རྣམས་ཀྱིས་ཁོ་ཚོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་ལོ་གསར་པའི་ནང་མུ་མཐུད་དུ་ལྟེ་བར་དམིགས་པ་དང་ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བ། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་པ། གཟེངས་བསྟོད་ཐོབ་པའི་ཏང་ཡོན་བཅས་ཀྱི་ཁྱིམ་དུ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རྣམས་ཀྱིས་ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོར་ལུས་ཕུང་ལ་བདག་སྐྱོང་བྱ་དགོས་པའི་མངགས་བཅོལ་བྱས་ལ། ཁོ་ཚོས་མུ་མཐུད་དུ་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་པ་དང་དངོས་ཡོད་ལག་ལེན་ལ་བརྟེན་ནས་ཏང་གི་ཐོག་མའི་ཕུགས་འདུན་དང་ལས་འགན་ལག་བསྟར་བྱ་དགོས་པའི་སྐུལ་ལྕག་གནང་། ཁེ་ལས་དང་ལས་ཡུལ་དང་པོའི་ལས་བཟོ་པ། འཚོ་བར་དཀའ་ཁག་ཡོད་པའི་ལས་བཟོ་པ་བཅས་ལ་འཚམས་འདྲི་བྱེད་སྐབས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རྣམས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་དང་ལས་བཟོ་པའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཁོ་ཚོས་ལོ་གསར་པའི་ནང་གསར་གཏོད་བྱེད་ཕོད་པ་དང་གསར་གཏོད་ཡར་བརྩོན་བྱེད་པ། སྤྲོ་སེམས་འཁོལ་ཞིང་ངར་ཤུགས་དྲག་པོས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ་དང་གྲུབ་འབྲས་གསར་པ་ལེན་དགོས་པའི་སྐུལ་ལྕག་གནང་།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།