མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ལོ་སར་སྐབས་ཀྱི་འཚམས་འདྲིའི་བྱ་འགུལ་རྒྱ་ཆེར་སྤེལ།

  2025-01-29 21:18:07 

ཤིང་མོ་སྦྲུལ་ལོའི་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཝང་ཧའེ་ཧུང་། ཁྲིན་ཅི་ཝེ་བཅས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་། གཙོ་གནད་ཁེ་ལས། དབང་པོ་སྐྱོན་ཅན་ཞབས་ཕྱིའི་ལས་ཁུངས་དང་འབྲེལ་ཡོད་ཁེ་ལས་དང་ལས་ཁུངས་བཅས་སུ་བསྐྱོད་པ་དང་། ཆེད་མཁས་པ་དང་། ཏང་ཕྱིའི་མི་སྣའི་འཐུས་མི། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གྱི་འཐུས་མི། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས། འཚོ་བར་དཀའ་ངལ་ཡོད་པའི་ལས་བཟོ་པ། དམག་མི་དབང་པོ་སྐྱོན་ཅན། དཔའ་བོའི་ཁྱིམ་མི། གཞི་རིམ་ཏང་གི་བྱ་བ་སྒྲུབ་མཁན། སྡེ་བའི་རྐང་འཛིན་རྒན་པ། དབང་པོ་སྐྱོན་ཅན། ལས་གནས་བརྟན་སྲུང་བྱེད་པའི་ཏང་ཡོན་ལས་བྱེད་པ་ལས་བཟོ་པ། སྤྱི་བདེ་ཉེན་རྟོག་པ་བཅས་ལ་འཚམས་འདྲི་གནང་བ་དང་། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ་བར་མ་ཟད། དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས།


ཆེད་མཁས་པར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཁོ་ཚོས་རང་སོ་སོའི་ཁྱབ་ཁོངས་སུ་བྱས་རྗེས་འབུར་ཐོན་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོ་ཚོར་ཚན་རྩལ་གྱི་མདུན་གྲལ་དུ་དམིགས་པ་དང་། བློ་རྩེ་གཅིག་སྒྲིལ་གྱིས་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཏེ་ཚན་རྩལ་གྲུབ་འབྲས་སྔར་ལས་མང་པོ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐུལ་ལྕག་བྱས། ཏང་ཕྱིའི་མི་སྣའི་འཐུས་མི་དང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཐུས་མིར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཁོ་ཚོའི་བསམ་འཆར་དང་ཐབས་ཇུས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཁོ་ཚོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ལྟར། སྲིད་གཞུང་གི་བྱ་བར་དམིགས་ནས་དངོས་སྒྲུབ་ཐབས་ཇུས་དང་ཕན་ནུས་ལྡན་པའི་ཇུས་གཞི་མང་ཙམ་ཕུལ་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཏོན། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། དཀའ་ངལ་ཡོད་པའི་མང་ཚོགས། དཀའ་ངལ་ཡོད་པའི་ལས་བཟོ་པ། དམག་མི་དབང་པོ་སྐྱོན་ཅན། དཔའ་བོའི་ཁྱིམ་མི། དབང་པོ་སྐྱོན་ཅན་བཅས་ལ་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཚང་མར་ཁྱིམ་ཚང་གི་གནས་ཚུལ་དང་བདེ་སྡུག་དྲིས་པ་དང་། ཁོ་ཚོར་ཧུར་བརྩོན་དང་སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་བྱེད་པ་དང་། དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཆེ་རུ་བཏང་སྟེ་སྔར་ལས་ལེགས་པར་འཚོ་བ་སྐྱེལ་དགོས་པའི་སྐུལ་ལྕག་གནང་། གཞི་རིམ་གྱི་ཏང་གི་བྱ་བ་སྒྲུབ་མཁན་དང་། སྡེ་བའི་རྐང་འཛིན་རྒན་པ། ལས་གནས་བརྟན་སྲུང་བྱེད་པའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པ་བཅས་ལ་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཁོ་ཚོ་དང་གླེང་མོལ་བྱས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཟུང་སྟེ་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན། གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་རྟོག་ཞིབ་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁེ་ལས་ཀྱི་རེ་འདུན་ལ་ཉན་ཞིང་། ཁེ་ལས་ཀྱིས་སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་པ། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། བདེན་སྲུང་གསར་གཏོད་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་ཐོབ་པར་བྱེད་དགོས་པའི་སྐུལ་ལྕག་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ད་དུང་ལས་རེས་ལས་སྲུང་ལས་བྱེད་པ་དང་། གཞི་རིམ་འཐབ་ཕྱོགས་དང་པོའི་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་བྱས་པ་དང་། ཁོ་ཚོས་དུས་ཡུན་རིང་པོར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་ཧུར་ཐག་གིས་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོ་ཚོས་མུ་མཐུད་དུ་གྲུབ་འབྲས་བཟང་པོ་ལེན་རྒྱུ་དང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན།


འཚམས་འདྲི་བྱེད་སྐབས་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གཞུང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སེམས་ཤུགས་ཡོད་ཚད་ཀྱིས་དངོས་སྒྲུབ་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།