མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས།

  2025-01-29 21:18:37 

ལོ་སར་ཐོན་ལ་ཉེ་དུས། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ་བཅས་ཀྱིས་སོ་སོར་ཏང་ཡོན་རྒན་པ་དང་། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན། གཞི་རིམ་ལས་བྱེད་པ། ཏང་གི་བྱ་བ་སྒྲུབ་མཁན་དང་དཀའ་ཁག་ཡོད་པའི་མང་ཚོགས་ཁག་ཅིག་ལ་འཚམས་འདྲི་བྱས་ནས། ཁོ་ཚོར་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ་བར་མ་ཟད། ལྷག་བསམ་རྣམ་དག་གིས་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས།


འཚམས་འདྲི་བྱེད་སྐབས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་རྣམས་ཀྱིས་ཏང་ཡོན་ལས་བྱེད་མང་ཚོགས་དང་ཁ་བརྡ་བྱས་ནས། ཁོ་ཚོར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་གྲོལ་མ་ཐག་པའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོ་ཚོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དང་དཔལ་འབྱོར། དམངས་འཚོ་སོགས་ཀྱི་ཕྱོགས་དང་དམངས་ཆེན་བྱ་བའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་ནན་གྱིས་ཉན། ཁོ་ཚོའི་ལུས་ཕུང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་སྐོར་དྲིས་པ་དང་། ཁོ་ཚོས་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱས་ཏེ། སོ་སོའི་ལས་རྐང་དུ་འབད་བརྩོན་ལྷོད་མེད་བྱས་པར་ཁས་ལེན་གང་ལེགས་དང་བསྟོད་བསྔགས་ཚད་མེད་བྱས།


རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་རྣམས་ཀྱིས་དཀའ་ཁག་ཡོད་པའི་ཏང་ཡོན་དང་མང་ཚོགས་ཀྱིས་བྱ་བ་དང་འཚོ་བའི་རྣམ་འགྱུར་ལེགས་པོ་མུ་མཐུད་དུ་སྲུང་འཛིན་བྱེད་པར་སྐུལ་ལྕག་བྱས་པ་དང་། ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་དང་རྒྱབ་སྐྱོར་འོག དཀའ་ཁག་སེལ་བ་དང་། འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བྱེད་པ། མཉམ་དུ་མཛེས་སྡུག་འཚོ་བ་བསྐྲུན་པ་བཅས་བྱ་དགོས་ལ། སྡེ་ཁུལ་སོགས་འབྲེལ་ཡོད་སྡེ་ཁག་གིས་དཀའ་ཁག་ཡོད་པའི་ཚོགས་པར་སེམས་ཁུར་དང་དོ་སྣང་བྱ་དགོས་པ་དང་། རང་འགུལ་གྱིས་ཁོ་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱ་དགོས་པའི་སྐུལ་ལྕག་གནང་། དེ་དང་མཉམ་དུ་ཏང་ཡོན་རྒན་པ་དང་བློ་མཐུན་རྒན་པ་རྣམས་ཀྱིས་ལུས་ཕུང་ལ་བདག་སྐྱོང་བྱེད་པ་དང་། མུ་མཐུད་དུ་རང་ནུས་ཅི་ཡོད་བཏོན་ནས་མཚོ་སྔོན་གྱི་བྱ་གཞག་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།