མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་བྱ་བ་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས།

  2025-01-27 21:21:57 

ཟླ1པོའི་ཚེས26ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་བྱ་བ་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བརྩིས་ཡོད་ལ། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དེ་བྱེད་ཐབས་སུ་བྱས་ནས། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། བདེན་སྲུང་གསར་གཏོད་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ནས། “སྣེ་ཁྲིད་བཞི”རྒྱུན་འཁྱོངས་དང་། གྲུ་བཞི་དང་པོའི་སྟེང་ཡག་པོར་བསྐྱོད་དེ། “མིག་དཔེ་གསུམ”ཡག་པོ་བསྟན་ནས་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་པས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་བློ་སྒྲིལ་སེམས་བསྐྱེད་བྱ་དགོས་པ་དང་། འཕོ་འགྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ། སློབ་སྦྱོང་གི་གཙོ་གནད་ཁོང་དུ་ཆུད་པ་དང་། སློབ་སྦྱོང་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། དངོས་སུ་སློབ་སྦྱོང་གཏིང་ཟབ་དང་རྟོགས་ཐུབ་པ་བཅས་བྱ་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བཅས་བྱ་དགོས། སྲ་བརྟན་དང་ནུས་ལྡན་གྱི་འཐབ་འཛིང་བཙན་རྫོང་བསྐྲུན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པས་འགན་འཁུ་བའི་བྱ་སྤྱོད་ལ་བརྟེན་ནས་སྒུལ་ཤུགས་བསྐྱེད་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གཙོ་གཞིའི་འགན་འཁྲི་དམ་ཟབ་བྱས་ཏེ། “ཧྲུའུ་ཅི་ཡིས་དམ་འཛིན་དང་ཧྲུའུ་ཅི་དམ་འཛིན་བྱེད་པ”རྒྱུན་འཁྱོངས་དང་། “ལས་གཅིག་འགནགཉིས”དོན་འཁྱོལ་བཅས་བྱས་ནས། བྱ་བའི་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་བསྣན་ནས་འགན་འཁྲི་གསལ་པོ་དང་། འགན་འཁྲི་ལག་བསྟར་གནད་ལ་འཁེལ་བ། འགན་འཁྲི་ལྟ་སྐུལ་ནུས་ལྡན་བཅས་ཀྱི་འགན་འཁྲིའི་མ་ལག་འཛུགས་དགོས། གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། སྤྱོད་གཙང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱོད་ངན་དང་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དུ་གཏོང་དགོས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།