ཟླ1པོའི་ཚེས26ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་སོ་དགུ་པ་བསྡུས་ནས། ཆེད་དུ་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། དབྱང་ཧྥུན་ཁྲུན་དང་ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་ཟུར་ཞུགས་བྱས།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱས་ནས། 2024ལོའི་བྱ་བར་མ་ལག་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་དང་། 2025ལོའི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་གྱི་ཁ་ཕྱོགས་དང་ལས་འགན་བྱེད་ཐབས་མུ་མཐུད་དུ་ཟབ་སྤེལ་བྱས་ཤིང་། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པར་བསྟན།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་ཞེ་གཅིག་པའི་དགོངས་དོན་གཉིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་བྱས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་འཕྱུར་དུ་འཇུག་དགོས། ཞིང་ཆེན་དམངས་ཆེན་ཚོགས་ཆེན་གྱི་མཇུག་བསྡུ་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། གཙོ་གནད་གཅིག་དང་འཆར་འགོད་གསུམ་གཏན་འབེབས་བཟོས་ནས་འགྲེམ་སྤེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་འབྲེལ་འདྲིས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། དུས་ཐོག་ཏུ་བཟོ་བཅོས་དང་འཐུས་ཚང་གཏོང་བ་དང་། མྱུར་དུ་འགྲེམ་སྤེལ་ལག་བསྟར་བྱ་དགོས། རྒྱལ་ཡོངས་དམངས་ཆེན་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་པ་དང་། སྔ་ས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པ་ཚོགས་འདུར་ཞུགས་པའི་གྲ་སྒྲིག་བྱ་བ་ཡག་པོར་བསྒྲུབ་དགོས། གཅིག་འདོམས་བཀོད་སྒྲིག་བྱས་ཏེ། ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་འགན་སྲུང་དང་ལས་རེས་ལས་སྲུང་། སྤྱོད་གཙང་སྒྲིག་སྲུང་སོགས་ཀྱི་བྱ་བ་ནན་ཏན་སྒོས་ལེགས་པོར་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན།