མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཚའེ་ཆི་ཡིས་རིག་གནས་ལས་རིགས་ཀྱི་མི་སྣ་གྲགས་ཅན་དང་ཚན་རྩལ་ཆེད་མཁས་པར་འཚམས་འདྲི་གནང་།

  2025-01-27 21:22:27 

ཚེས26ཉིན་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རིག་གནས་ལས་རིགས་ཀྱི་མི་སྣ་གྲགས་ཅན་དང་ཚན་རྩལ་ཆེད་མཁས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། རྒྱ་ཆེའི་རིག་གནས་བྱ་བ་སྒྲུབ་མཁན་དང་ཚན་རྩལ་ལས་དོན་པར་ལོ་གསར་གྱི་སྨོན་འདུན་ཞུས།
ཚའེ་ཆི་ཐོག་མར་རིག་གནས་པུའུ་ཡི་པུའུ་ཀྲང་ཟུར་པ། “མི་དམངས་སྒྱུ་རྩལ་པའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཝང་མིན་གྱི་ཁྱིམ་དུ་ཕེབས་ནས། ཁོང་གིས་དུས་ཡུན་རིང་པོར་ཀྲུང་གོའི་རྩོམ་རིག་བྱ་གཞག་ལ་བྱས་རྗེས་བཞག་པར་གུས་བཀུར་ཞུས་པ་དང་། ཁོང་གི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་བྱ་བ། ལྷག་པར་དུས་རབས་གསར་པའི་རིག་རྩལ་བྱ་བ་ཡག་པོ་སྒྲུབ་པའི་སྐོར་གྱི་གྲོས་གཞིར་ཉན། དེའི་རྗེས་སུ། ཚའེ་ཆི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། གནམ་གཟུགས་རྫས་འགྱུར་དང་སའི་གོ་ལའི་རྫས་འགྱུར་མཁས་ཅན་ཨོའུ་དབྱང་ཙི་ཡོན་གྱི་ཁྱིམ་དུ་ཕེབས་ནས། ཁོང་གི་ལུས་ཕུང་དང་འཚོ་བའི་གནས་ཚུལ་དྲིས་ཏེ་བྱམས་བརྩེའི་ངང་འཚམས་འདྲི་བྱས་པ་དང་། ཁོང་གིས་རང་རྒྱལ་གྱི་ཟླ་བའི་གོ་ལ་རྩད་ཞིབ་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་བཞག་པའི་བྱས་རྗེས་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། གནམ་གཟུགས་རྫས་འགྱུར་དང་མཁའ་དབྱིངས་གཏིང་ཟབ་འཚོལ་ཞིབ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ནས་ཁོང་གི་གྲོས་གཞིར་ཉན། ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི། མཁའ་འགྲུལ་སྒུལ་ཤུགས་ཆེད་མཁས་པ་ལིའུ་ཏ་ཞང་གི་ཁྱིམ་དུ། ཚའེ་ཆི་ཡིས་ཁོང་གིས་རང་རྒྱལ་གྱི་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཇུས་འགོད་ཞིབ་འཇུག་དང་མཆོང་སྐྱོད་རྣམ་པའི་གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་པར་ཁས་ལེན་བྱས་པ་དང་། ལིའུ་ཏ་ཞང་གིས་མཁའ་འགྲུལ་དང་མཁའ་སྐྱོད་བཟོ་སྐྲུན་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་གྲོས་གཞི་བཏོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་རིག་ཚན་སྡེ་ཁག་གི་ཨུ་ཡོན།“དཔལ་འབྱོར་ཞིབ་འཇུག་ཐད་ཕུལ་དུ་བྱུང་བའི་བྱས་རྗེས་འཇོག་མཁན”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀྲང་ཀྲོའུ་ཡོན་ལ་འཚམས་འདྲི་བྱེད་སྐབས། ཚའེ་ཆི་ཡིས་ཁོང་གིས་རང་རྒྱལ་གྱི་དཔལ་འབྱོར་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པར་ཁས་ལེན་གནང་བ་དང་། ཁོང་ལས་འཁྱུར་ངལ་གསོ་བྱས་རྗེས་སྔར་བཞིན་འབྲེལ་ཡོད་རིག་གཞུང་བརྗེ་རེས་བྱེད་སྒོར་ཧུར་ཐག་གིས་ཞུགས་པ་དང་ན་གཞོན་མཁས་པ་རྣམས་འཚར་ལོངས་འབྱུང་བར་སེམས་ཁུར་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་བ་ཡག་པོར་སྒྲུབ་པ། ཀྲུང་གོའི་རང་བདག་དཔལ་འབྱོར་རིག་པའི་ཤེས་བྱའི་མ་ལག་འཛུགས་པའི་ཐད་ཀྱི་གྲོས་གཞིར་ཉན།

རིག་གནས་ལས་རིགས་ཀྱི་མི་སྣ་གྲགས་ཅན་དང་ཚན་རྩལ་ཆེད་མཁས་པ་འགའ་ཞིག་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཏང་ཀྲུང་དབྱང་གིས་རིག་གནས་སྟོབས་ལྡན་དང་ཚན་རྩལ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལ་མོས་མཐུན་དང་བསྟོད་བསྔགས་བྱས། ཚའེ་ཆི་ཡིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་རིག་གནས་ལམ་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། བསམ་བློ་དང་རིག་གནས་དྲིལ་བསྒྲགས་བྱ་བར་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།  ཚན་རྩལ་དར་རྒྱས་བྱུང་ཚེ་མི་རིགས་དར་རྒྱས་ཡོང་བ་དང་། ཚན་རྩལ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེ་བས། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱ་དགོས་ན། མཐར་ཐུག་ཏུ་ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་མི་སྣར་བརྟེན་དགོས། རྒྱ་ཆེའི་རིག་གནས་དང་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་འགན་འཁྲི་དང་ལས་འགན་དཔའ་ངར་ཆེན་པོས་འཁུར་པ་དང་། གསར་གཏོད་བྱ་རྒྱུའི་བློ་ཐག་གཅོད་པ། མི་སྒེར་གྱི་ཕུགས་བསམ་དང་དོན་གཉེར་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་འདྲེས་སུ་བཅུག་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱུན་ལྡན་བྱ་བར་འགན་འཁུར་པའི་པུའུ་ཀྲང་གཞོན་པ་ཅང་ཞིན་ཀྲི་བཅས་ཀྱིས་ཕེབས་རོགས་བྱས་ནས་འཚམས་འདྲི་གནང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་འཚམས་འདྲིའི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།