ཟླ1པོའི་ཚེས15ཉིན། རྒྱལ་ཡོངས་འཐབ་ཕྱོགས་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
ཟླ1པོའི་ཚེས15ཉིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་འཐུས་ཚང་དུ་གཏོང་བ་དང་། ཆེས་ཁྱབ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལམ་ཐིག་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པའི་དགོངས་དོན་གལ་ཆེན་ནི་ཟུང་སྦྲེལ་གཉིས་རྒྱུན་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་ཀྱི་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། ཤུགས་ཆེ་བའི་གཞུང་ལུགས་ཀྱི་གསར་གཏོད་ནུས་པ་དང་བདེན་དོན་གྱི་འབོད་སྐུལ་ནུས་པ། ཤུགས་དྲག་པའི་ལོ་རྒྱུས་མཐིལ་རྟོགས་ཀྱི་ནུས་པ་དང་དུས་རབས་གསལ་རྟོགས་ནུས་པ། སྟོབས་ཆེ་བའི་ཆབ་སྲིད་སྣེ་ཁྲིད་ནུས་པ་དང་ལག་ལེན་གྱི་སྐུལ་འདེད་ནུས་པ་བཅས་མངོན་པར་བྱས་ཡོད་པས། ང་ཚོས་སློབ་སྦྱོང་ཟབ་མོ་དང་གོ་བ་མཐར་ཕྱིན། ཁོང་ཆུད་གནད་འཁེལ་བཅས་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཝང་ཧུའུ་ཉིང་གིས་འདས་པའི་ལོ་གཅིག་རིང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། 2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུའི་ལོ་ཡིན་པས། འཐབ་ཕྱོགས་གཅིག་གྱུར་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགན་འཁྲི་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་འདུ་ཤེས་གཅིག་འདྲིལ། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་བསྡུ་བཅས་ཀྱི་ལས་དོན་ཏན་ཏིག་སྒོས་ལེགས་པོར་བསྒྲུབ་དགོས། ཀྲུང་གོའི་གསར་དར་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་དང་འཕེལ་རྒྱས་ལེགས་པོ། འཐུས་ཚང་གང་ལེགས་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་དོན་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ལངས་གནས་དང་བྱ་བའི་བྱེད་ནུས་ཇེ་མཐོར་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལས་དོན་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་མ་ལག་ལྡན་པར་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱ་བའི་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་བའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་ཁོ་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བཏང་སྟེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣས་ཡིད་ཆེས་ཇེ་བརྟན་དང་འགྲན་རྩོད་ཁྲོད་རྒྱལ་ཁ་ལེན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་མོར་ཤུགས་བསྣན་ཏེ། ཞང་ཀང་དང་ཨའོ་མིན། ཐེ་ཝན་བཅས་དང་། ཕྱི་རྒྱལ་གྱི་འཐབ་ཕྱོགས་བྱ་བས་སེམས་ཤུགས་གཅིག་གྱུར་བརྩོན་ལེན་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་གི་འཐབ་ཕྱོགས་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་ཕན་ནུས་ལྡན་པར་ལག་ལེན་དུ་བསྟར་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྱིས་གྲོས་ཚོགས་ལ་མགོ་འཛིན་དང་བྱ་བར་བཀོད་སྒྲིག་བྱས་ཤིང་། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་བྱ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། བསམ་བློ་ཆབ་སྲིད་ལས་དོན་དངོས་སྒྲུབ་ཀྱིས་ལས་དོན་གཙོ་བོར་སྣེ་ཁྲིད་བྱེད་པར་ཤུགས་འདོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་པར་ཤུགས་འདོན་པ། འཐབ་ཕྱོགས་བྱ་བའི་ཁྱབ་ཁོངས་ནན་འཛིན་གྱིས་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་བྱེད་པར་ཤུགས་འདོན་པ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་མངོན་མེད་ཉེན་ཁ་གཙོ་བོ་སེལ་ཐུབ་དང་སྔོན་འགོག་བྱེད་པར་ཤུགས་བཏོན་ནས། འཐབ་ཕྱོགས་ཆེན་པོའི་བྱ་བའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་སེམས་ཤུགས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་བྱེད་ནུས་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་ཞེས་བསྟན།