མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ལེ་པཱ་ནུན་གྱི་གསར་དུ་འགན་ཁུར་བའི་ཙུང་ཐུང་ཨོ་ཨིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

  2025-01-15 18:22:02 

ཟླ1ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་ཨིན་ལ་གློག་འཕྲིན་བཏང་སྟེ། ཁོས་ལེ་པཱ་ནུན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལེ་པཱ་ནུན་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ལྡན་པ་དང་། ཉེ་བའི་ལོ་འདི་འགར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་སྲུང་འཛིན་བྱས་ཡོད་ལ། ཆབ་སྲིད་ཡིད་རྟོན་ཤུགས་དྲག་དང་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གྱུར་ཡོད། ངས་ཀྲུང་གོ་དང་ལེ་པཱ་ནུན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ལེ་པཱ་ནུན་གྱི་མཛའ་བརྩེའི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔས་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོས་ལེ་པཱ་ནུན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པའི་ཐད་སྔར་བཞིན་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་མ་ཟད། ལེ་པཱ་ནུན་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་པར་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས།

རྩོམ་སྒྲིག་པ། སངས་བཀྲ།