མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

  2025-01-13 16:23:57 

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྩིས་བཤེར་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་ཡོངས་ལ་དམ་པོར་དམིགས་ནས་དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་སྟེང་རྐང་ཚུགས་པར་བྱས་ཏེ། དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། ཉེན་ཁ་དང་འགལ་རྐྱེན་གསལ་སྟོན་བྱེད་པ། རུལ་སུངས་ལ་ངོ་རྒོལ་དང་ཟང་ཟིང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་སྐྱོད་ལམ་གསར་པའི་སྟེང་དུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམ་པོར་དམིགས་པ། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་གཏོང་བ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། གཅིག་སྡུད་གཅིག་གྱུར་དང་ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ལ་ཕན་འབྲས་ཆེ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་འཛུགས་རྒྱུར་ཤུགས་སྣོན་པ། རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་ནུས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། སྤུས་ཚད་མཐོ་བའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཡོངས་རྩིས་བཤེར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཟླ1པོའི་ཚེས10ཉིན་ནས་ཚེས11ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཐོག་ནས་རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང80དང་སྔོན་ཐོན་ལས་བྱེད་པ45ལ་གཟེངས་བསྟོད་ཐོབ།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།