མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས།

  2025-01-11 19:19:56 

ཟླ1པོའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ནང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་པ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་བཅས་བློ་བརྟན་འགྱུར་མེད་ངང་ཡག་པོར་རྒྱག་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པར་མ་ཟད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པ་དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པའི་དབང་གིས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་ནན་མོ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུ་ཡིས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གི་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་བཏང་སྟེ། “གཏན་ཕབ་གཉིས”ལ་བརྩི་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཁྲོད་དུ་མངོན་ཅི་ཐུབ་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུ་ཡིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནན་ཏན་ངང་སྤེལ་ཏེ། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་བླངས་ཡོད། ལོ་གསར་པའི་ནང་དུ། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་ཟབ་སྤེལ་གཏོང་དགོས། སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་གཏོང་བ། “སྤྱོད་ངན་བཞི”རྒྱུན་མཐུད་ངང་ཡོ་བསྲང་བཅོས་སྐྱོང་བྱ་དགོས། རུལ་རྒོལ་གཙང་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ་དང་དབང་ཆ་དང་མ་དངུལ་བར་གྱི་ཉོ་ཚོང་། ཁེ་ཕན་ངན་འབྲེལ་སོགས་ཀྱི་གནད་དོན་ཐག་གཅོད་ནན་མོ་བྱ་དགོས། ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་དངུལ་དང་མི་བཅས་ལ་དོ་དམ་བྱས་ཏེ། རུལ་སུངས་འབྱུང་ངེས་ཀྱི་ས་རྒྱུ་དང་ཆ་རྐྱེན་ཅི་རིགས་མེད་པར་བཟོ་གང་ཐུབ་བྱ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡིས་བཅོས་སྒྱུར་གྱི་སྙིང་སྟོབས་དང་གཟབ་ནན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་འཁྲིའི་འགན་འཁྲི་ཏན་ཏིག་ངང་འཁུར་དགོས། གཟབ་ནན་དང་དོན་དངོས་ཀྱི་སྒོ་ནས་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྲིད་གཞུང་གི་འགན་འཁྲི་སྒྲུབ་པའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་དམ་འཛིན་བྱས་ཏེ། དཀའ་ངལ་ཅི་ཡོད་གདོང་གིས་བསུས་ཏེ་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་། མཐུན་སྦྱོར་མཉམ་འགུལ་གྱི་འཕེལ་རྒྱས་ནུས་ཤུགས་གཅིག་སྡུད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་འབད་བརྩོན་ཆེན་པོས་བསྒྲུབ་དགོས། ཏང་ཙུའུ་ཡི་བློ་མཐུན་ཚོས“ལས་གནས་གཅིག་གི་སྟེང་ནས་འགན་འཁྲི་གཉིས་འཁུར་བའི”བྱེད་ཕྱོགས་ལག་བསྟར་ཡག་པོ་བྱས་ཏེ། ཏང་གཤིས་བློ་སྦྱོང་ལ་ཤུགས་བསྣན་ནས། ཀུན་གྱི་སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་བྱས་ནས། སྤྱོད་བཟང་བབ་གཙང་གི་ངོ་བོ་དུས་ནམ་ཡང་རྒྱུན་འཁྱོངས་བྱ་དགོས།

ཏེན་ཞུའེ་ཞང་དང་ཧི་ལིས་ཧྥུན། ཀྲང་གོ་ཆིང་། ལིའུ་གོ་ཀྲུང་། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།