ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཅིན་ཅུའུ་ཟློས་གར་ཁང་གི་ན་གཞོན་སྒྱུ་རྩལ་ལས་དོན་པར་འཕྲིན་ལན་བསྐུར་ནས། རྒྱལ་ཁབ་ཅིན་ཅུའུ་ཟློས་གར་ཁང་བཙུགས་ནས་ལོ70འཁོར་བའི་སྐབས་དང་བསྟུན་ཏེ། འཁྲབ་སྟོན་པ་ཡོངས་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་རྒྱལ་ཁབ་ཅིན་ཅུའུ་ཟློས་གར་ཁང་བཙུགས་པ་ནས་བཟུང་། ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱས་ཏེ། ཟློས་གར་གྲགས་ཅན་མང་པོ་གསར་རྩོམ་འཁྲབ་སྟོན་བྱས་ནས། ཕུལ་བྱུང་སྒྱུ་རྩལ་འཇོན་མི་མི་ཉུང་བ་ཞིག་གསོ་སྐྱོང་བྱས་ཏེ། ཀྲུང་ཧྭའི་ཟློས་གར་གྱི་མེ་ཏོག་ལྡུམ་རར་མཛེས་སྡུག་ཡིད་འོང་གི་ཚོན་མདངས་བསྣན་ཡོད། མགོ་རྩོམ་ས་གསར་པའི་སྟེང་དུ། ཁྱོད་ཚོས་རྒན་རབས་མཁས་ཅན་དག་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་རྒྱུ་དང་མི་དམངས་ཀྱི་ཆེད་དུ་སྒྱུ་རྩལ་ལག་བསྟར་བྱེད་པ། ཀུན་སྤྱོད་ལ་གོང་བཀུར་དང་སྒྱུ་རྩལ་ལ་བརྩི་མཐོང་བྱེད་པ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བཅས་བྱས་ཏེ། ཅིན་ཅུའུ་ཟློས་གར་སྒྱུ་རྩལ་ལ་མུ་མཐུད་དུས་རབས་ཀྱི་གཟི་མདངས་ལམ་ལམ་འཕྲོ་བར་བྱས་ཏེ། རིག་རྩལ་བྱ་གཞག་དར་རྒྱས་ཡོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་ཞེས་གསུངས།