མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱ་བ་དེང་རབས་ཅན་ལ་རོགས་ཤུགས་བཏོན་པ།

  2024-12-31 13:08:06 

ཞིང་ཆེན་ཞིབ་དཔྱོད་ཁང་གིས་གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་ལ་བརྟེན་ནས་ཞིབ་དཔྱོད་བྱ་བ་དེང་རབས་ཅན་ལ་རོགས་ཤུགས་བཏོན་པ།

གསར་འགོད་པས་ཟླ12པའི་ཚེས25ཉིན་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ་ཞེས་པའི་ཞིང་ཆེན་ཞིབ་དཔྱོད་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ལོ་མགོར་གཞི་གྲངས་ཅན་གྱི་ཞིབ་དཔྱོད་བྱ་བ་མགོ་བརྩམས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཤུགས་ཆེན་པོས་གཞི་གྲངས་ཞིབ་དཔྱོད་ཐབས་ཇུས་ལ་སྐུལ་འདེད་བཏང་བ་དང་། གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་ལ་བརྟེན་ནས་ཞིབ་དཔྱོད་བྱ་བ་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་གཞན་པའི་ཉམས་མྱོང་སློབ་སྦྱོང་དང་དཔེ་ལྟོས་བྱེད་པ་ནས་མཚོ་སྔོན་གྱི་ཇུས་གཞི་འདོན་པར་ཚུལ་བསྒྱུར་མངོན་འགྱུར་བྱུང་།

ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་སྒོ་གཙོ་ཁྲིད་དང་། གཞི་གྲངས་དག་སྒྲིག ལག་རྩལ་གྱི་འདེགས་སྐྱོར། བེད་སྤྱོད་གཙོ་བོ་བཅས་ཀྱི་བླང་བྱར་གཞིགས་ཏེ། གཞི་གྲངས་ཞིབ་དཔྱོད་བྱ་བ་དེ་ལས་གཞི་གཙོ་བོར་འཇོག་པ་དང་། བེད་སྤྱོད་རྒྱ་བསྐྱེད་པ་དང་ཁྱད་ཆོས་དམ་འཛིན་བྱེད་པ། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་བསམ་ཕྱོགས་བཏོན་ལ། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་མ་དཔེའི་ས་ཚིགས་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་བདེ་འཇགས། དམངས་ཚིས་བདེ་སྐྱིད་སོགས་ལ་དམིགས་ནས། མཚོ་སྔོན་གྱི་ཞིབ་དཔྱོད་ཁྱད་ཆོས་ལྡན་ཞིང་། གྱོད་སྒྲུབ་ཕན་འབྲས་ཐོབ་པའི་གཞི་གྲངས་ཞིབ་དཔྱོད་ལྟ་སྐུལ་གྱི་མ་དཔེ210བསྐྲུན།  ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཕྱི་ནང་གི་གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་མ་དཔེ་ཐེངས612ལ་བེད་སྤྱོད་བྱས། གཞི་གྲངས་ཞིབ་དཔྱོད་ལྟ་སྐུལ་གྱི་མ་དཔེ་བེད་སྤྱོད་བྱས་པ་བརྒྱུད། སྤྱི་བདེ་ལས་ཁུངས་ཀྱི་གྱོད་དོན88ཐོ་འགོད་བྱས་པར་ལྟ་སྐུལ་དང་། སྤྱི་བདེ་ལས་ཁུངས་ཀྱི་གྱོད་དོན69ཕྱིར་འཐེན་བྱས་པར་ལྟ་སྐུལ།  སྤྱི་ཕན་ཞུ་གཏུག་གྱོད་དོན920ཐོ་འགོད་བྱས་པ་དང་། ཞིབ་དཔྱོད་གྲོས་གཞི1043གཏན་འབེབས་བཟོས་ནས་འགྲེམ་སྤེལ་བྱས་ཤིང་། ཁྲིམས་འགལ་ཡོ་བསྲང་གི་བརྡ་ཡིག365བཀྲམས་པ་དང་། དཔལ་འབྱོར་སྒོར་དུང་ཕྱུར་གཅིག་ལྷག་གི་གྱོད་གུད་མེད་པར་བཏང་།

2023ལོའི་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་མ་དཔེའི་འགྲན་སྡུར་དང2024ལོའི་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་མ་དཔེ་ཁྱབ་གདལ་བྱ་འགུལ་གོ་སྐབས་སུ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་མ་དཔེའི་འགྲན་སྡུར་དང་སྤུས་ལེགས་མ་དཔེ་བེད་སྤྱོད་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་དམ་འཛིན་ནན་མོ་བྱས། ཞིང་ཡོངས་ཀྱི་ལྟ་སྐུལ་མ་དཔེ57གཞི་གྲངས་ཆེན་མོའི་ཁྲིམས་ལུགས་ལྟ་སྐུལ་མ་དཔེའི་འགྲན་སྡུར་ལ་ཞུགས་པ་དང་། མ་དཔེ་གཅིག་ལ་བྱ་དགའ་ཨང་གཉིས་པ་ཐོབ། ཞིང་ཆེན་ཡོངས་ཀྱི་མ་དཔེ་བཅུ་སྤུས་ལེགས་མ་དཔེའི་གྲས་སུ་བདམས་པ་དང་། རང་ཞིང་གི་གཞི་གྲངས་ཞིབ་དཔྱོད་བྱ་བ་དེ་མ་དཔེ་གཡོར་སྤྱོད་ནས་མ་དཔེ་འདོན་སྤྲོད་ལ་ཚུར་སྒྱུར་བྱས་ཤིང་། ཆེས་མཐོའི་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་གྲངས་ཆེན་མོའི་དོ་དམ་སྟེགས་བུའི་མ་དཔེའི་གྲངས་འབོར་དེ་ནུབ་རྒྱུད་ཞིང་ཆེན་ལས་མདུན་གྲལ་དུ་སླེབས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།