མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་དགུན་དུས་ཀྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ།

  2024-12-31 13:08:03 

དགུན་དུས་ཀྱི་འགུལ་སྐྱོད་སྤེལ་བའི་ཚུན་དུ། མཚོ་སྔོན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བཀོད་སྒྲིག་བཟང་བོ་བྱས་ནས། སྤྱི་ཚོགས་ངོས་ཀྱི་སྤྱི་ཁོག་གི་འགོག་ཟོན་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་བཏང་བ་དང་། ལས་སྒྲུབ་མ་དཔེ་ལེགས་བསྒྱུར་བྱེད་པ་དང་སྐོར་སྲུང་ཉེན་རྟོག་གི་བཀོད་སྒྲིག་ལེགས་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། སྤྱི་ཚོགས་བདེ་སྐྱོང་གཏན་འཇགས་ལ་སྲུང་སྐྱོབ་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མངའ་ཁུལ་གྱི་བདེ་སྐྱོང་ཁྱད་ཆོས་དང་གྱོད་བྱུང་ཆོས་ཉིད་གཞིར་བཟུང་ནས། འགོག་སྲུང་དྲ་མིག་ལ་འཆར་འགོད་བཟང་བོ་བྱས་པ་དང་། ལུགས་དང་མཐུན་པའི་སྒོ་ནས་སྐོར་སྲུང་བྱེད་ས་དང་ངེས་པར་དུ་སྐོར་ཞིབ་བྱེད་དགོས་པའི་ལམ་ཐིག་དང་ཡུལ་གནས་བཙུགས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་ཉེན་རྟོག་པ་ཁྲོམ་སྲང་དུ་སྡུད་རུབ་བྱས། གཙོ་གནད་ཁུལ་ཁོངས་དང་ལམ་མཚམས། ཡུལ་གནས་ཀྱི་ཚོད་འཛིན་དང་ཞིབ་བཤེར་ནུས་པ་ཇེ་ཆེར་བཏང་བ་དང་། ཁྲོམ་སྲུང་གི་ད་སྤྱོད་ཉེས་བྱས་ལ་རྡུང་རྡེག་གནད་ལ་འཁེལ་བ་བྱས་ནས། མངའ་ཁུལ་གྱི་བདེ་འཇགས་དམིགས་ཚད་མཐོར་འདེགས་བཏང་། ཉེན་སྤྱོད་མི་མེད་གནམ་གྲུའི་ལངས་གཟུགས་འགོག་སྲུང་དང་མགྱོགས་མྱུར་འཕྲུལ་སྒུལ། གནད་ཕིགས་དང་ལེན་གྱི་དགེ་མཚན་འདོན་སྤེལ་བྱས་པ་མ་ཟད། སྐོར་ཞིབ་ཉེན་རྟོག་པར་ཟོན་ཁྱི་སྡེབ་སྒྲིག་བྱས་པ་དང་། མི་མེད་གནམ་གྲུའི་སྐོར་ཞིབ་དེ་ཉིན་རྒྱུན་གྱི་སྐོར་ཞིབ་མ་ལག་ཁྲོད་བཞག དེ་དང་མཉམ་དུ། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གནས་ཚུལ་དངོས་ལ་རྐང་བཙུགས་ནས་ཞན་ཆ་ཁ་གསབ་བྱས། སློབ་མ་སློབ་གྲྭར་འགྲོ་བ་དང་སློབ་གྲྭ་གྲོལ་བའི་སྐབས་སུ། སྐོར་ཞིབ་སྲུང་སྐྱོབ་སྟོབས་ཤུགས་ཇེ་དྲག་ཏུ་བཏང་བ་དང་། ལས་རེས་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པས་སྔོན་དུ་སློབ་གྲྭར་སྦྲེལ་མཐུད་བྱས་ནས། ལས་ཞུགས་དུས་ཚོད་དང་ལས་རེས་ལས་རྐང་གཏན་ཁེལ་གསལ་བོ་བྱས་པ་དང་། བྱ་བའི་སྦྲེལ་མཐུད་གེགས་མེད་ཡོང་བར་ཁག་ཐེག་བྱས། མངའ་ཁུལ་གྱི་བགྲོད་ལམ་དང་སློབ་གྲྭའི་ཁྱབ་ཚུལ་ཁྱད་ཆོས་ལྟར། ཁོ་ཚོས་སློབ་སྲུང་ལས་རྐང་གི་ཉེན་རྟོག་བཀོད་སྒྲིག་ལ་ཤུགས་བསྣན་པ་དང་། སློབ་རའི་ནང་འཇུག་ཕྱིར་བསྐྱོད་ཀྱི་ལམ་ཁ་རུ་སྐོར་སྲུང་བྱས་པ་དང་། མཐའ་འཁོར་ཁུལ་ཁོངས་སུ་སྐོར་ཞིབ་ནན་མོ་བྱས་ནས། ཉེན་རྟོག་གློག་སྒྲོན་མཐོང་ཐུབ་པ་དང་ཉེན་རྟོག་རླངས་འཁོར་མཐོང་ཐུབ་པ། ཉེན་རྟོག་པ་མཐོང་ཐུབ་པ་མངོན་འགྱུར་བྱས།

དེ་ལས་གཞན། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་སྐར་མ་གཅིག་དང་གསུམ། ལྔ་བཅས་ཀྱི་མགྱོགས་མྱུར་དང་ལེན་རྐྱེན་སྲོལ་ལག་བསྟར་བྱས་ཏེ། སྐོར་ཞིབ་སྟོབས་ཤུགས་ཀྱི་འཕྲལ་བསྟུན་ཐག་གཅོད་དང་མཉམ་ལས་དམག་འཐབ་ནུས་པ་རྒྱུན་མ་ཆད་མཐོར་འདེགས་བཏང་། དྲག་ཤུགས་དང་འཇིགས་སྐུལ་ལ་རྡུང་རྡེག་བྱེད་པའི་འཁྲབ་སྦྱོང་སྤེལ་བ་བརྒྱུད་དེ། སྐོར་སྲུང་ཉེན་རྟོག་པའི་འགུལ་སྐྱོད་དང་དངོས་འཐབ་ཆུ་ཚད་མཐོར་འདེགས་བཏང་བ་དང་། སྤྱི་ཚོགས་བདེ་སྐྱོང་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།