མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

​རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དྲིལ་སྒྲོག་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  2024-12-27 11:58:57 

གསར་དུ་བཟོ་བཅོས་བྱས་པའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས2025ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དྲིལ་སྒྲོག་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས25ཉིན་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐའེ་ཉིང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཐའེ་ཉིང་གིས་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་བཟོ་བཅོས་བྱས་པ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པའི་དོན་དངོས་བྱ་སྤྱོད་ཅིག་ཡིན་ལ། རིག་དངོས་ལས་དོན་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་། རིག་དངོས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། གསར་དུ་བཟོ་བཅོས་བྱས་པའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་དགོངས་པ་དང་། ལམ་ལུགས་ཀྱི་རྩ་དོན། ལག་ལེན་བླང་བྱ་བཅས་ལ་རྒྱུས་ལོན་ཟབ་མོ་དང་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། སྲུང་སྐྱོང་ནུས་ཚད་ཇེ་ཆེར་གཏོང་བ་དང་། རྒྱུན་འཛིན་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། འགན་འཁྲི་དངོས་འབེབས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། བཅའ་ཁྲིམས་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་རྒྱུ་དམ་འཛིན་བྱས་ཏེ། ཁྲིམས་བསྟར་ནན་མོས་བཅའ་ཁྲིམས་སྒྲིག་སྲོལ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས་ཤིང་། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལམ་ལུགས་མ་ལག་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གསར་དུ་བཟོ་བཅོས་བྱས་པའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་དང་ནུས་ལྡན་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་རིག་དངོས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།