མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རླངས་འཁོར་ཨང་རྟགས་བཀབ་པས་སྐར་མ9འཐེན།

སངས་བཀྲ།  2024-12-25 17:10:27 

ཉེ་ཆར། ཞོན་ཧྭ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྫོང་དེའི་རྨ་ཆུའི་ལམ་དུ་དགུན་དུས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་སྐབས། ཨའོ་ཏི་རླངས་འཁོར་ནག་པོ་ཞིག་ལམ་འགྲམ་དུ་བསྡད་ཡོད་མོད། འོན་ཀྱང་ཨང་རྟགས་ནི“VIP”ཡི་ཤུབས་ཀྱིས་བཀབ་ཡོད་པ་རེད།

མི་དམངས་ཉེན་རྟོག་པས་དེ་མ་ཐག་རླངས་འཁོར་བདག་པོ་ཧན་ཆེ་གེ་མོར་འབྲེལ་གཏུག་བྱས་ནས་དོན་རྐྱེན་བྱུང་སར་བོས། འདྲི་རྩད་བྱས་པ་བརྒྱུད། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཧན་ཆེ་གེ་མོས(ཕོ། ལོ32ཡིན། ཞོན་ཧྭ་རྫོང་གི་མི)རླངས་འཁོར་གནས་སྐབས་སུ་ལམ་འགྲམ་དུ་འཇོག་འདོད་མོད། འོན་ཀྱང་ལམ་དུམ་དེ་རུ་བཞག་ན་སྒྲིག་འགལ་ཡིན་ལ་ལྟ་སྐུལ་ཚོད་འཛིན་བརྙན་མིག་གི་པར་ལེན་ས་ཡིན་པས། ཆེད་དུ“VIP”ཡི་ཤུབས་ཀྱིས་རླངས་འཁོར་ཨང་རྟགས་བཀབ་པ་རེད།

མི་དམངས་ཉེན་རྟོག་པ་ཚོས་ཧན་ཆེ་གེ་མོས་རླངས་འཁོར་ཨང་རྟགས་བཀབ་པའི་ཁྲིམས་འགལ་བྱ་སྤྱོད་ལ་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བཏང་བར་མ་ཟད། འཕྲལ་དུ“VIP”ཡི་ཤུབས་བླངས་ནས་རླངས་འཁོར་ཚད་ལྡན་ངང་འཇོག་ཏུ་བཅུག མཇུག་མཐར། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཧན་ཆེ་གེ་མོས་བསམ་གཟས་ནས་རླངས་འཁོར་ཨང་རྟགས་བཀབ་པའི་ཁྲིམས་འགལ་བྱ་སྤྱོད་ལ་སྒོར200དང་། སྐར་མ9འཐེན་པའི་སྲིད་འཛིན་ཆད་པ་བཅད།

རྩོམ་སྒྲིག་པ། སངས་བཀྲ།