མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ལིས་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ།

  2024-12-20 18:21:35 

ཞི་ཅིན་ཕིང་གིས་ལིས་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ།

ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ། ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅ་ཁྲའོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་དེ་དུས་རིམ་གསར་པར་སླེབས་ཡོད་པས། ཞང་ཀང་དང་ཨའོ་མིན་གྱིས་བསམ་སྦྱོར་སྔར་ལས་ཆེ་བ་མངོན་པར་བྱས་ནས་འཕེལ་རྒྱས་སྔར་ལས་གང་ལེགས་ཡོང་བར་བྱས་ཏེ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་། བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། འོད་སྟོང་འཕྲོ་བའི་མདུན་ལམ་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱིས་ཞང་ཀང་ལ་རེ་ལྟོས་ཧ་ཅང་ཆེན་པོ་བཅངས་ཡོད། སྲིད་འཛིན་དཔོན་ལིས་ཅ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བབ་བརླིང་ངང་སྲིད་བསྐྱངས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་འཕེལ་རྒྱས་དོན་གཉེར་བྱས་ནས། ཞང་ཀང་གི་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ལིས་ཅ་ཁྲའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཞང་ཀང་གི་སྣེ་ཁྲིད་དེ་དཔལ་འབྱོར་འབད་པས་གཉེར་བ་དང་འཕེལ་རྒྱས་དོན་གཉེར་བྱེད་པ། དམངས་ཚིས་ལེགས་གཏོང་བྱེད་པ། ཀོང་ཏུང་དང་ཞང་ཀང་། ཨའོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་པོའི་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་པ་བཅས་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་མཉམ་འདྲེས་ཡོང་བར་འབད་རྒྱུ་ཡིན་ཟེར།

ཚའེ་ཆི་དང་ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།