མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

བློ་མཐུན་ཆའོ་ཧྲི་སྐུ་འཁྲུངས་ནས་ལོ100འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  2024-12-17 15:17:57 

ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཆའོ་ཧྲི་སྐུ་འཁྲུངས་ནས་ལོ100འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཟླ12པའི་ཚེས16ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཆའོ་ཧྲི་སྐུ་འཁྲུངས་ནས་ལོ100འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས16ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཆའོ་ཧྲི་སྐུ་འཁྲུངས་ནས་ལོ100འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། དེང་སྐབས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ཡིད་ཆེས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་བར་འབད་འཐབ་བྱས་པ་ལས་བྱུང་བའི། མཛེས་སྡུག་ལྡན་པའི་ཕུགས་བསམ་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་སྒོ་ནས་བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་འཇོག་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་དང་ལིས་ཞི་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་རླབས་ཆེན་འཕེལ་རིམ་ཁྲོད་དུ། ཕུལ་བྱུང་ཀྲུང་གོ་གུང་ཁྲན་ཏང་མི་མང་དག་ཅིག་བྱུང་ཡོད་ཅིང་། བློ་མཐུན་ཆའོ་ཧྲི་ནི་ཁོང་ཚོའི་ཁྲོད་ཀྱི་ཕུལ་བྱུང་འཐུས་ཚབ་པ་ཞིག་ཡིན། ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེ་དང་འབད་འཐབ། འོད་སྟོང་འབར་བ་བཅས་ཀྱི་སྐུ་ཚེ་ཞིག་ཡིན་ལ། བདེན་དོན་བརྩོན་ལེན་དང་ཡར་རྒྱས་དོན་གཉེར། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་དོན་དུ་འབད་འཐབ་བཅས་བྱས་མྱོང་བའི་སྐུ་ཚེ་ཧྲིལ་པོ་ཞིག་ཀྱང་ཡིན། ཁོང་གིས་ཏང་དང་མི་དམངས་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་དེ་ང་ཚོས་བློ་ལ་བརྟན་པོར་ངེས་དགོས་ཤིང་། ཁོང་གི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་འགྱུར་ལ་ང་ཚོས་ཅིས་ཀྱང་སློབ་སྦྱོང་བྱེད་དགོས།

ཞི་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཆའོ་ཧྲིར་རྗེས་དྲན་ཞུ་བར་ཅིས་ཀྱང་ཁོང་གི་དད་སེམས་བརྟན་སྲུང་དང་ཕུགས་བསམ་གྱི་ཆེད་དུ་བྱས་རྗེས་གང་ལེགས་བཞག་པའི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས། ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དེ་ཚེ་གང་གི་དོན་བྱ་ཞིག་ཏུ་བརྩིས་ནས། དུས་རྟག་ཏུ་བློ་སྦྱོང་ལ་འབད་པ་དང་དུས་རྟག་ཏུ་སྦྱོང་བརྡར་བྱེད་པ། དུས་རྟག་ཏུ་གོ་རྟོགས་སད་པར་བྱེད་པ། དུས་རྟག་ཏུ་ཡར་རྒྱས་བརྩོན་ལེན་བྱེད་པ། སྔ་ཕྱི་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་སྲུང་བཅས་བྱས་ཏེ། རླབས་ཆེ་བའི་ཚོད་བགམ་ཐེག་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཆའོ་ཧྲིར་རྗེས་དྲན་ཞུ་བར་ཅིས་ཀྱང་ཁོང་གི་ཏང་སྲོལ་ཡང་དག་དང་ཏང་གི་སྒྲིག་ཁྲིམས་ཇེ་དམ་དུ་བཏང་བའི་ཏང་གཤིས་བརྟན་པོ་ལ་སློབ་སྦྱོང་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཟབ་མོ་བཏང་ནས། ཏང་གི་སྔོན་ཐོན་རང་བཞིན་དང་བབ་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཆའོ་ཧྲིར་རྗེས་དྲན་ཞུ་བར་ཅིས་ཀྱང་ཁོང་གི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པའི་སྔོན་འགྲོའི་འོག་ཏུ། དམངས་ཕན་སྲི་ཞུ་བསྒྲུབས་པའི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་ནན་མོ་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་གང་ཐུབ་བཅས་བྱས་ཏེ། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཆའོ་ཧྲིར་རྗེས་དྲན་ཞུ་བར་ཅིས་ཀྱང་ཁོང་གི་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་དང་བྱས་རྗེས་འཇོག་ཕོད་པའི་ཆབ་སྲིད་ཀྱི་འགན་འཁྲིར་སློབ་སྦྱོང་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམ་པོར་དམིགས་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཆའོ་ཧྲིར་རྗེས་དྲན་ཞུ་བར་ཅིས་ཀྱང་ཁོང་གི་ཁྲིམས་སྐྱོང་ལ་བརྩི་བཀུར་དང་ཁྲིམས་སྐྱོང་ལག་ལེན་ནན་བསྟར་བྱས་པའི་འགྱུར་མེད་དོན་གཉེར་གྱི་བསམ་ཕྱོགས་ལ་སློབ་སྦྱོང་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་སྟེ། ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཆའོ་ཧྲིར་རྗེས་དྲན་ཞུ་བར་ཅིས་ཀྱང་ཁོང་གི་དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། བློ་མཐུན་ཆའོ་ཧྲིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་དུ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པར་ གདེང་འཇོག་ཚད་མཐོན་པོ་གནང་བ་དང་། བློ་མཐུན་ཆའོ་ཧྲི་ཡི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། གསུང་བཤད་དེ་ནི་ང་ཚོས་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་བསྐྲུན་པའི་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཏང་དང་མི་དམངས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ཡང་དག་ལེན་པ་དང་ལག་བསྟར་ཟབ་མོ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག་ཏུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིན་ཧྲན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་སུན་ཞིན་དབྱང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུང་ཀྲིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད།

ལིས་ཀན་ཅེ་དང་ལིས་ཧྲུའུ་ལེ། ལིས་ཧུང་ཀྲུང་། ཁྲིན་ཝུན་ཆིན། ཝང་ཞའོ་ཧུང་། ཧའོ་མེན་ཅིན། སུའུ་ཧུའེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཆའོ་ཧྲིའི་གཉེན་ཉེ་དང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ། དེ་སྔ་ཁོང་གི་འཁྲིས་སུ་ཡོད་པའི་ལས་བྱེད་མི་སྣ། ཕ་ཡུལ་གྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།