མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་གྱིས་འཕྲལ་བསྟུན་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་ཡུལ་གཞན་སྣོལ་སྡེབ་ཞིབ་བཤེར་བྱས་པ།

  2024-12-16 17:17:22 

ཟླ12པའི་ཚེས9ཉིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར། གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་མ་ལག་དང་འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། ས་ཁོངས་ཀྱི་ཁྲིམས་བསྟར་ཉམས་མྱོང་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲིམས་བསྟར་མི་སྣའི་ཆེད་ལས་བྱང་ཚད་དང་ལྟ་སྐུལ་དོ་དམ་ནུས་པ་མཐོར་འདེགས་གཏོང་ཆེད། ཉེ་སྔོན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འཕྲལ་བསྟུན་དོ་དམ་ཅུའུ་རྩ་འཛུགས་བྱས་ནས་ལོ་འཁོར་གྱི་འཕྲལ་བསྟུན་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་ཡུལ་གཞན་སྣོལ་སྡེབ་ཞིབ་བཤེར་འགུལ་སྐྱོད་སྤེལ། ཐེངས་འདིའི་ཞིབ་བཤེར་ལ་ས་ཁུལ་ཕན་ཚུན་ཞིབ་བཤེར་བྱེད་པའི་རྣམ་པ་སྤྱད་ནས། སོ་སོར་གྲོང་ཁྱེར་གཉིས་ཀྱི་འཕྲལ་བསྟུན་དོ་དམ་ཅུའུ་ཡི་ལས་བགོས་འགན་གཉེར་ཅུའུ་ཀྲང་གཞོན་པས་རུ་ཁག་གི་སྣེ་ཁྲིད་པ་དང་། རྫོང་ཁུལ་གྱི་འཕྲལ་བསྟུན་དོ་དམ་ཅུའུ་ནས་ཁྲིམས་བསྟར་རྐང་འཛིན་མི་སྣ་བདམས་ནས་ཁྲིམས་བསྟར་ཚན་ཆུང་བཙུགས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་མཁས་པ་གདན་དྲངས་ནས་བརྒྱུད་རིམ་ཧྲིལ་པོར་ཟབ་ཞུགས་བྱས་པ་དང་། དེ་དང་མཉམ་དུ་ཞིང་ཆེན་གྱི་འཕྲལ་བསྟུན་དོ་དམ་ཐིང་ནས་ཁྲིམས་བསྟར་རྐང་འཛིན་མི་སྣ་མངགས་ཏེ་མཛུབ་སྟོན་རོགས་རམ་བྱས།

ཞིབ་བཤེར་ཚན་ཆུང་གིས་ལྕགས་རིགས་བཙོ་སྦྱང་དང་ཧ་ཡང་ལས་སྣོན། ཟས་རིགས་ལས་སྣོན་སོགས་ཀྱི་ལས་རིགས་གཙོ་བོར་དམིགས་ནས། ས་ཁུལ་གཉིས་སུ་མཚོན་བྱེད་རང་བཞིན་གྱི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་དྲུག་བདམས་ནས་ཡུལ་དངོས་ཁྲིམས་བསྟར་ཞིབ་བཤེར་བྱས་པ་བརྒྱུད་མངོན་མེད་དོན་རྐྱེན་དོན་དགུ་གནད་འཁེལ་གྲལ་བཤེར་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས། ཡུལ་གཞན་སྣོལ་སྡེབ་ཞིབ་བཤེར་བྱས་པ་བརྒྱུད་ནས་ས་ཁུལ་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་པར་མ་ཟད། གཞི་རིམ་ཁྲིམས་བསྟར་མི་སྣའི་ལས་སྒོའི་ཆུ་ཚད་ཇེ་མཐོར་གཏོང་བར་གོ་སྐབས་ལེགས་པོ་འདོན་སྤྲོད་བྱས་ཏེ། དོན་རྐྱེན་གྱི་ཉེན་ཁའི་གནས་མང་པོ་ནུས་ལྡན་སྒོས་སེལ་བ་རེད། ས་ཁུལ་གཉིས་ཀྱི་འཕྲལ་བསྟུན་སྡེ་ཁག་གི་ཁྲིམས་བསྟར་མི་སྣས་ཕན་ཚུན་སློབ་སྦྱོང་དང་མཉམ་དུ་ཡར་ཐོན་གྱི་འདུ་ཤེས་རྒྱུན་འཛིན་བྱས་ནས། ཆེད་ལས་ཀྱི་མཐོང་སྣེ་ནས་གནད་དོན་གྱི་འབྱུང་རྩ་འཚོལ་ཞིབ་བྱས་པས། ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་རང་ངོས་བདེ་འཇགས་དོ་དམ་གྱི་མི་འདང་ས་རྙེད་པར་རོགས་ཤུགས་བཏོན་པ་དང་། བྱ་བའི་དཀའ་གནད་ལ་དམིགས་ནས་བརྗེ་རེས་བགྲོ་གླེང་བྱས་པར་མ་ཟད་གསར་གཏོད་བསམ་བློ་དང་ཕུལ་བྱུང་ལག་ལེན་མཉམ་སྤྱོད་བྱས་པས། ཁྲིམས་བསྟར་ལྟ་སྐུལ་དོ་དམ་གྱི་བྱ་བ་བསྒྲུབ་པའི་མཐོང་རྒྱ་བསྐྱེད་ཅིང་མིག་དཔེ་འདོན་སྤྲོད་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕྲལ་བསྟུན་ཐིང་གིས་ཐེངས་འདིའི་ཡུལ་གཞན་སྣོལ་སྡེབ་ཞིབ་བཤེར་གོ་སྐབས་སུ་བརྩིས་ནས། བྱ་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། གཞི་རིམ་འཕྲལ་བསྟུན་དོ་དམ་སྡེ་ཁག་གི་ཁྲིམས་བསྟར་བྱ་བའི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ཞིང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་བྱ་གཞག་གི་འགོག་ར་བརྟན་པོ་བསྐྲུན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།