མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཤོ་རྒྱག་མཁན5འཛིན་བཟུང་བྱས།

ནམ་མཁའ།  2024-12-16 10:54:59 

ཤོ་བརྒྱབ་ན་སྤྱི་ཚོགས་ཀྱི་དར་སྲོལ་ཉམས་དམས་སུ་འགྲོ་བར་མ་ཟད། སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བའི་སྒྲིག་ལམ་ལའང་ཤུགས་རྐྱེན་ངན་པ་བཟོ་སྲིད་ལ། དེ་མ་ཟད་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཅི་རིགས་ཀྱང་འབྱུང་སྲིད་པས། ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཡིས་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་བྱ་བའི་རྣམ་འགྱུར་སྟེང་ཤོ་བརྒྱབ་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་།

ཟླ12པའི་ཚེས4ཉིན་གྱི་ནམ་གུང་གི་ཆུ་ཚོད་གཅིག་ཡས་མས་སུ། ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཐང་མགོ་མངགས་གཏོང་ཁང་གི་ཉེན་རྟོག་དང་ཉེན་རྟོག་ལས་རོགས་ཀྱིས་མཚན་མོའི་གོ་སྐབས་དང་བསྟུན་ནས་མགྱོགས་མྱུར་ངང་ཕར་རྒོལ་བྱས་ཏེ། མངའ་ཁུལ་དུ་ཤོ་རྒྱག་བཞིན་པར་འབྲེལ་བ་ཡོད་པའི་མི5འཛིན་བཟུང་བྱས་པ་དང་། ཡུལ་དངོས་སུ་ཤོ་བརྒྱབ་པའི་མ་དངུལ་སྒོར་སྟོང་ཕྲག་ཁ་ཤས་དང་དེ་མིན་རྩེ་ཤོག་སོགས་ཤོ་རྒྱག་ཡོ་བྱད་ཁ་ཤས་ཀྱང་རྩད་ཆོད། འདྲི་རྩད་བྱས་པ་བརྒྱུད། ཤོ་བརྒྱབ་པར་འབྲེལ་བ་ཡོད་པའི་མི་སྣས་རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྦ་གསང་མེད་པར་ཁས་ལེན་བྱས།

མིག་སྔར། གྱོད་དོན་དེ་གོམ་གང་མདུན་སྤོས་ངང་ཐག་གཅོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། སངས་བཀྲ།