མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ།

  2024-12-06 17:34:48 

ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་ཝུའུ་ཞའོ་ཅུན་གྱིས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་པར་མ་ཟད་གཏམ་བཤད།

ཟླ12པའི་ཚེས4ཉིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པའི་ཉིན་དེར་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་། གསར་དུ་གོ་གནས་འཁུར་བའི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་དམ་བཅའ་བཞག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་པར་མ་ཟད་གཏམ་བཤད།

དམ་བཅའ་འཇོག་ཡུལ་དུ་རྒྱལ་རྟགས་མཐོན་པོར་བཀལ་ནས་རྣམ་པ་རྔམ་བརྗིད་དང་ལྡན། སྔ་དྲོའི་ཆུ་ཚོད9པར་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་བརྩམས་པ་དང་། ཚང་མ་གུས་སྟབས་ཀྱིས་ལངས་ནས་རྒྱལ་གླུ་བླངས། དེའི་རྗེས་སུ་དམ་བཅའ་འཇོག་མཁན་གྱིས་རྒྱལ་རྟགས་ལ་ཁ་ཕྱོགས་ཤིང་། ལག་པ་རྩ་ཁྲིམས་སྟེང་བཞག་ནས་དམ་ཚིག་ཁྲིད་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གིས་རུ་སྟར་བསྒྲིགས་ནས་དམ་ཚིག་སྒྲོག་འདོན་བྱས།

དམ་བཅའ་བཞག་རྗེས་ཝུའུ་ཞའོ་ཅུན་གྱིས་ཚང་མར་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་ཁུར་ནས་དམ་བཅའ་འཇོག་པ་དང་ལག་ལེན་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་བྱ་གཞག་གསར་པ་ཞིག་ཧུར་ཐག་གིས་གཏོད་པ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཞིག་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་གནང་། ཁོས་ནན་གྱིས་བསྟན་དོན། ལྷག་བསམ་བརྟན་པོ་བཅངས་ནས་ཆབ་སྲིད་ཀྱི་གཤིས་རྒྱུད་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་རྒྱུན་འཁྱོངས་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། ལག་ལེན་པ་བཅས་ལེགས་པོ་བྱེད་དགོས། ཁྲིམས་སྐྱོང་བརྟན་སྲུང་བྱས་ནས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་ཀྱི་རྩ་དོན་བརྟན་སྲུང་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ། རྩ་ཁྲིམས་ཀྱི་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། ཁྲིམས་བརྩི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱ་རྒྱུ་དེ་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྩ་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་སྲིད་འཛིན་པའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཕྱོགས་སོ་སོར་མཚོན་པར་བྱེད་དགོས། མི་དམངས་ལ་བློ་དཀར་སེམས་དཀར་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་དགོས།  མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བྱེད་པ་དང་། རང་འགུལ་གྱིས་སྲིད་དོན་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། དགོས་མཁོ་དམངས་ལ་འདྲི་བ་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་བྱ་བའི་ཇུས་འགོད་དང་། ཇུས་གཅོད། ལག་བསྟར་བཅས་ཀྱི་གོ་རིམ་ཡོངས་སུ་དོན་འཁྱོལ་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་བརྩི་མཐོང་ཡོད་པ་དང་། སྔར་ལས་བདེ་སྐྱིད་ལྡན་པ། སྔར་ལས་ཐོབ་སྣང་ཡོད་པ་བཅས་ཀྱི་འཚོ་བ་རོལ་དུ་འཇུག་དགོས། འགན་འཁྲི་འཁུར་ཕོད་པར་བྱས་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་བརྟན་པོ་འཁུར་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། སློབ་སྦྱོང་དང་འགན་ནུས་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འགག་སྒྲོལ་དཀའ་སེལ་དང་འགན་འཁྲི་ཁུར་ཕོད་པར་བྱེད་པ། གསར་འབྱེད་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བརྟན་ཐོག་ཡར་འཕར་དང་། ཐོན་ལས་སྟོབས་ཆེར་གཏོང་བ། སྒྱུར་བཅོས་དོན་གཉེར་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་སོགས་ཀྱི་ལས་འགན་སོ་སོ་དམ་འཛིན་ཡག་པོ་བྱས་ནས་རང་འཁྲིའི་ལས་གནས་སྟེང་ནས་འགན་འཁྲི་གསར་པ་འཁུར་བ་དང་། བྱས་རྗེས་གསར་པ་འཇོག་པ། རྣམ་པ་གསར་པ་བཅས་མངོན་གང་ཐུབ་བྱེད་དགོས། སྤྱོད་གཙང་སྲིད་སྐྱོང་བྱས་ནས་སྤྱོད་གཙང་གི་ངོ་བོ་ནན་སྲུང་བྱ་དགོས། སྤྱོད་གཙང་སྤྱི་གཞོལ་གྱི་ལས་རིགས་སྤྱོད་ལམ་རྒྱུན་འཁྱོངས་དང་། སྒྲིག་ཁྲིམས་དང་ཁྲིམས་ལུགས། སྒྲིག་ལམ་བཅས་བརྩི་སྲུང་ནན་མོ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱེད་པ། “ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་བཟང་གཞུང་དྲང་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས་ཟེར། 

ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡཱ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།