མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ནོར་གནག་བརྐུས་པའི་གྱོད་དཔེ་གཉིས།2

མཁའ་འབུམ་རྒྱལ།  2024-11-26 09:50:46 

ཉེ་ཆར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྤྱི་བདེ་ཅུའུ་ཁྲི་དབང་མངགས་གཏོང་ཁང་གིས་མངའ་ཁུལ་དུ་ནོར་གནག་བརྐུས་པའི་གྱོད་དོན2བདེ་བླག་ངང་རྩད་ཆོད།

གྱོད་དཔེ་གཉིས་པ།

གོང་གི་གྱོད་དོན་རྩད་ཆོད་མ་ཐག ཡང་བསྐྱར་མངགས་གཏོང་ཁང་ལ་ནོར་གནག་བརྐུས་པའི་གྱོད་དོན་སྙན་སེང་ཞིག་འབྱོར་ཏེ། ཐེངས་འདིའི་གནས་ཚུལ་དེ་བས་རྙོག་འཛིང་ཆེ་བ་དང་འབྲོག་པས་རང་ཁྱིམ་གྱི་ཟོག་རའི་ཉེ་འགྲམ་གྱི་སྣེ་གཉིས་སུ་ནོར་གནག་བཤས་པར་མ་ཟད། གྱོད་དོན་བྱུང་ཡུལ་ཡང་ཐག་རིང་བས། ལྟ་སྐུལ་ཚོད་འཛིན་བརྙན་མིག་སོགས་ཀྱི་བྱེད་ཐབས་སྤྱད་ཀྱང་ནུས་པ་འདོན་སྤེལ་བྱེད་དཀའ་མོད། འོན་ཀྱང་། མི་དམངས་ཉེན་རྟོག་པས་འདྲི་རྩད་དང་གྲལ་བཤེར་བྱས་པ་བརྒྱུད། འབྲོག་པ་ཞིག་གིས་ཁུངས་སྣེ་གལ་ཆེན་ཞིག་འདོན་སྤྲོད་བྱས་པར་མ་ཟད། དོགས་ཡོད་ཉེས་ཅན་མགྱོགས་མྱུར་ངང་གཏན་འཁེལ་བྱས་ཤིང་། རྗེས་འདེད་བྱས་པ་བརྒྱུད། སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག དོགས་ཡོད་ཉེས་ཅན་བདེ་བླག་ངང་འཛིན་བཟུང་བྱས།

འདྲི་རྩད་བྱས་པ་བརྒྱུད། ཟོག་རའི་ཉེ་འགྲམ་གྱི་སྣེ་གཉིས་སུ་བཤས་པའི་ནོར་གནག2དེ་ཁྲི་དབང་མངགས་གཏོང་ཁང་མངའ་ཁུལ་གྱི་མིན་ལ། གྱོད་དོན་ཐག་གཅོད་འོས་འཚམ་བྱ་ཆེད། ས་ཁོངས་ཉེན་རྟོག་ལས་དོན་མཉམ་སྒྲུབ་ལམ་སྲོལ་བརྒྱུད། ཡུས་ཧྲུའུ་གྲོང་ཁྱེར་འབྲོང་མདའ་ཤང་མངགས་གཏོང་ཁང་དང་འབྲེལ་བ་བྱས་ཏེ། དོགས་ཡོད་ཉེས་ཅན་དེ་བདེ་བླག་ངང་རྩིས་སྤྲོད་བྱས།

རྩོམ་སྒྲིག་པ། སངས་བཀྲ།