མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མུས་ལའེ་ལ་མཇལ་འཕྲད་གནང་བ།

  2024-11-20 15:41:29 

ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མུས་ལའེ་ལ་མཇལ་འཕྲད་གནང་བ།


  ས་དེའི་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་པའི་རིང་ལ། ཨ་ཀེན་ཐིན་གྱི་ཙུང་ཐུང་མུས་ལའེ་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འཁོར་བའི་རིང་ལ། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོས་ཨ་ཀེན་ཐིན་ལ་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་ཨ་ཀེན་ཐིན་གྱི་མི་དམངས་ཡོངས་ལ་ཁ་ཕྱོགས་ཡོད་ཅིང་། ཀྲུང་གོ་དང་ཨ་ཀེན་ཐིན་བར་མཉམ་ལས་བྱས་པ་དེས་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད།  ད་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངསཀྱི་་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཏུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེར་གཅེས་སྤྲས་བྱེད་པ་དང་། ཨ་ཀེན་ཐིན་ཕྱོགས་ཀྱིས་བཅོས་སྒྱུར་ལ་བརྟེན་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་སོ་སོའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

  ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་སོ་སོའི་བར་གྱི་ཁྱབ་ཁོངས་ཁག་གི་འགྲོ་འོང་ཇེ་དམ་དུ་གཏོང་བ། མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཚང་མའི་སེམས་གཏིང་དུ་སིམ་པར་བྱེད་དགོས། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་དཔལ་འབྱོར་ཚོང་དོན་གྲུབ་ཆས་ཕན་ཚུན་བར་ཁ་གསབ་ཆེན་པོ་བྱེད་ཐུབ་པ་དང་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ལྡན་པས། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལས་བྱུང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། ཀྲུང་གོར་ཡོད་པའི་ཁྲོམ་རའི་ཐོབ་སྐལ་སྔར་ལས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ནུས་ཁུངས་གཏེར་ལས་དང་རྨང་གཞིའི་སྒྲིག་ཆས། ཞིང་ལས། ཚན་རྩལ་གསར་གཏོད། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ། དངུལ་རྩའི་མཉམ་ལས་མུ་མཐུད་རྒྱ་སྐྱེད་བཏང་སྟེ། ཨ་ཀེན་ཐིན་ཕྱོགས་ཀྱི་དཔལ་འབྱོར་དང་དངུལ་རྩ་བརྟན་པོ་ཡོང་བར་རོགས་རམ་བྱ་འདོད་ཡོད་ཅེས་ནན་གྱིས་གསུངས།

  མུས་ལའེ་ཡིས་ཨ་ཀེན་ཐིན་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱ་རྒྱུ་ཡིན་ཟེར།

  ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།