མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་ཁྲིམས་འཛུགས་རྟོག་ཞིབ་བྱས་པ།

  2024-10-28 16:09:14 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གྲོང་ཁྱེར་གྱི་སྦུག་ལམ་དོ་དམ་ལ་ཁྲིམས་འཛུགས་རྟོག་ཞིབ་བྱས་པ།

ཟི་ལིང་གྲོང་ཁྱེར་གྱི་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་དང་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་དོ་དམ་སྲོལ་ཡིག་གི་ཞིབ་བཤེར་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁྲིམས་འཛུགས་སྤུས་ཚད་སྔར་ལས་མཐོར་འདེགས་སུ་གཏང་ཆེད། ཉེ་ཆར། ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཤིང་། ཟི་ལིང་གྲོང་ཁྱེར་ལ་སོང་ནས་ཁྲིམས་འཛུགས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་ཧོང་ཡོན་རྫོང་གི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་དང་བརླན་སའི་སྤྱི་གླིང་། ཏཱ་ཧྭ་ཆུ་མཛོད་དང་ཟི་ལིང་གྲོང་ཁྱེར་ས་འོག་ཕྱོགས་བསྡུས་སྦུག་ལམ་དགེ་ཐོན་སློབ་ཆེན་གྱི་ས་མཚམས་ཁུལ་བཅས་ལ་སོང་སྟེ། ཡུལ་དངོས་ལྟ་ཞིབ་དང་རྒྱུ་ཆ་འཚོལ་ཀློག བརྗེ་རེས་བཞུགས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཆུའི་སྦག་བཙོག་འགོག་བཅོས་དང་ཆུའི་ཐོན་ཁུངས་བེད་སྤྱོད། གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་དང་འཁོར་རྒྱུག སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྦག་བཙོག་འགོག་བཅོས་དང་། གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་སོགས་ཐད་ཀྱི་བྱ་བ་ཧུར་ཐག་གིས་སྒྲུབ་པར་མ་ཟད་གྲུབ་འབྲས་མངོན་གསལ་བླངས། ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏང་ཆེད། ཁུངས་སྣེར་དམིགས་ཤིང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། ཟི་ལིང་གྲོང་ཁྱེར་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་དང་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་ས་འོག་སྦུག་ལམ་དོ་དམ་སྲོལ་ཡིག་གཏན་འབེབས་བཟོ་རྒྱུའི་དགོས་གལ་ཆེ་ཞེས་ཟེར།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཕྱོགས་སོ་སོའི་བསམ་འཆར་སྡུད་ལེན་དང་ཞིབ་འཇུག་བྱེད་པ་དང་། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་ཡིན། ཁྲིམས་འཛུགས་བརྒྱུད་རིམ་ཁྲོད་ཀྱི་དྲིལ་སྒྲོག་དང་ཁྲིམས་འཛུགས་རྗེས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱ་བ་གཙིགས་ཆེར་བཟུང་སྟེ། ཁྲིམས་སྐྱོང་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་མཐུན་སྲིད་འཛིན་ལ་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་ཚད་ལྡན། འགན་སྲུང་བཅས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་ཟེར།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།