ཉེ་ཆར། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་དྲ་ལམ་དུ་ཆགས་སྲེད་བརྙན་ཐུང་བརྒྱུད་སྤེལ་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་དེ། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།
ལས་དོན་སྤེལ་བའི་རིང་ལ། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཏུང་ཀོའུ་མངགས་གཏོང་ཁང་ལ་མངའ་ཁུལ་གྱི་སྡེ་མི་པའོ་ཆེ་གེ་མོས་སྐར་མ་ཉི་ཤུ་ལྷག་གི་ཆགས་སྲེད་བརྙན་ཐུང་ཞིག་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་བསྐུར་ཡོད་ཅིང་། མི་མང་པོ་ཞིག་གིས་ལབ་གླེང་སྣ་ཚོགས་སྤེལ་བཞིན་ཡོད་པས་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད་པར་མ་ཟད། སྤྱི་པའི་སྒྲིག་ལམ་དང་དྲ་རྒྱའི་སྒྲིག་ལམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཅེས་ཡར་ཞུ་བྱས།ཁུངས་སྣེ་ཤེས་རྟོགས་བྱུང་རྗེས། མངགས་གཏོང་ཁང་གི་ཉེན་རྟོག་ལག་རོགས་པས་འཕྲལ་དུ་གནས་ཚུལ་ལ་བརྟག་དཔྱད་ཞིབ་བསྡུར་བྱས་ནས་བརྙན་ཐུང་དེ་འཕྲལ་དུ་གོང་རིམ་སྡེ་ཁག་ལ་གསལ་འབྱེད་བྱ་རྒྱུར་བསྐྱལ་བ་དང་འབྲེལ། ཁྲིམས་ལྟར་པའོ་ཆེ་གེ་མོ་མངགས་གཏོང་ཁང་དུ་བརྟག་དཔྱད་ཐག་གཅོད་དང་ལེན་བྱེད་པར་བོས།
པའོ་ཆེ་གེ་མོས་རྩིས་སྤྲོད་བྱས་པར་གཞིགས་ན། ཟླ10པའི་ཚེས8ཉིན། པའོ་ཆེ་གེ་མོས་ཁ་པར་ལས་ཆགས་སྲེད་ཀྱི་བརྙན་ཐུང་ལ་ལྟ་སྐབས་གློ་བུར་བརྙན་ཐུང་དེ་སྐད་འཕྲིན་ཚོགས་པའི་ནང་བཀྲམས་པ་རེད། མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐད་འཕྲིན་ཚོགས་པ་དེའི་ནང་གླེང་མོལ་བྱེད་མཁན་མི་གྲངས500ཙམ་ཡོད་པ་དང་། པའོ་ག་གེ་མོའི་བྱ་སྤྱོད་དེས་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་དྲ་རྒྱའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་རེད།
དགོན་ལུང་རྫོང་སྤྱི་བདེ་ཅུའུ་ཡིས《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན68པའི་གཏན་འཁེལ་ལྟར། ཁྲིམས་ལྟར་ཉིན10ལ་སྲིད་འཛིན་བཀག་ཉར་དང་སྒོར500ཡི་ཆད་པ་བཅད་པར་མ་ཟད། ཧུའུ་ཀྲུའུ་རྫོང་བཀག་ཉར་ཁང་དུ་བསྐྱལ་ནས་བཀག་ཉར་བྱེད་དུ་བཅུག་པ་རེད།