ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་བ།
ས་གནས་དེའི་དུས་ཚོད་ཟླ10པའི་ཚེས23ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་སྐབས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།
ས་གནས་དེའི་དུས་ཚོད་ཟླ10པའི་ཚེས23ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་སྐབས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨེ་ཅིབ་ཐོག་དང་པོར་ཁོངས་མིའི་ཚུལ་གྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་འཁྲིད་པའི་གྲོས་མོལ་ལ་ཞུགས་པར་རྟེན་འབྲེལ་དང་དགའ་བསུ་ཞུས། ཁོང་གིས་ད་ལོ་ནི་ཀྲུང་གོ་དང་ཨེ་ཅིབ་ཀྱི་གྲོགས་པོའི་འབྲེལ་བའི་ལོ་དང་རྒྱབ་ཁབ་གཉིས་བར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡིན་པས། ཀྲུང་གོས་ཨེ་ཅིབ་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཅིང་། ཨེ་ཅིབ་ཕྱོགས་དང་མཉམ་དུ་སོ་སྲུང་རོགས་རེས་ཀྱི་རྣམ་དག་གི་གྲོགས་པོ་དང་དཔུང་སྐྱོད་འཕེལ་རྒྱས་ཀྱི་མཛའ་འབྲེལ་གྲོགས་པོ་བྱ་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོང་བྱེད་པ་དང་། ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་བསྐྲུན་བྱེད་པ། མི་ཆོས་བརྗེ་རེས་དམ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་འབེན་ཕྱོགས་སུ་བརྟན་པོར་བསྐྱོད་དགོས། ཀྲུང་གོས་ཨེ་ཅིབ་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་སྣོན་དང་གསེར་གྱོམ་མཉམ་ལས་ཆེན་པོ་བརྟན་པོར་རྒྱུན་སྲིང་ཐུབ་པར་སྐུལ་འདེད་གཏོང་ཞིང་། འཛམ་གླིང་འཕེལ་རྒྱས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་གཏམ་བཤད་དབང་ཆ་སྔར་ལས་ཇེ་མཐོར་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
ས་གནས་དེའི་དུས་ཚོད་ཟླ10ཚེས23ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་སྐབས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།
སའེ་ཞི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ75འཁོར་བར་ཡང་བསྐྱར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཨེ་ཅིབ་དང་ཀྲུང་གོས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་ནི་ཨེ་ཅིབ་དང་ཧྥེ་གླིང་རྒྱལ་ཁབ་ཀྱི་ཆེས་བློ་གཏད་ཆོག་པའི་གྲོགས་པོ་ཡིན། ཀྲུང་གོས་ཨེ་ཅིབ་ལ་རྩ་ཆེའི་རོགས་རམ་གང་མང་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་ཅིང་། ཐེ་ཝན་གནད་དོན་སྟེང་གི་ཀྲུང་གོའི་འགག་རྩའི་གལ་ཆེའི་རང་བཞིན་ཡོངས་སུ་རྒྱུས་ལོན་བྱེད་ཐུབ། ཨེ་ཅིབ་ཕྱོགས་ཀྱིས་རང་སྟེང་གི་འཕེལ་རྒྱས་འཐབ་ཇུས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་གཞི་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་སྔར་ལས་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དམ་ཟབ་ཏུ་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་འཛམ་གླིང་གི་འཕེལ་རྒྱས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཕྱོགས་གཉིས་ཀྱིས་མིག་སྔར་གྱི་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཀྲུང་གོ་ཕྱོགས་ཀྱིས་མིག་སྔར་གྱི་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ས་ཁུལ་གྱི་ཟིང་འཁྲུག་དེ་ཕྱོགས་གང་ཅིའི་ཐད་ཀྱི་ཁེ་ཕན་དང་མི་འཚམ་པར་འདོད། ཕཱ་ལེ་སི་ཐན་གནད་དོན་ནི་དབུས་ཤར་གནད་དོན་གྱི་སྲོག་ཤིང་ཡིན་པས། ཁ་ཚ་དགོས་གཏུག་ཏུ་གྱུར་པ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཕན་ནུས་ལྡན་པར་ལག་བསྟར་བྱས་ནས། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མྱུར་དུ་མཚམས་འཇོག་རྒྱུ་དེ་ཡིན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་དོན་འཁྱོལ་ཐུབ་ན། ད་གཟོད་ཕཱ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་ཐུབ། ཀྲུང་གོས་ཨེ་ཅིབ་ཀྱིས་དམག་འཁྲུག་མཚམས་འཇོག་པའི་ཐད་འབད་པ་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ཅིང་། ཨེ་ཅིབ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་སྔ་མོ་ཞི་འཇགས་སུ་བཏང་ནས། ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།