མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས14པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས10པ་གྲོལ་བ།

  2024-09-30 11:09:45 

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་ཟི་ལིང་དུ་གྲོལ་བ།

ཟླ9པའི་ཚེས26ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་ཟི་ལིང་དུ་གྲོལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་མི་ང་བདུན་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་པའི་བྱ་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་སྤྱི་སྤྱོད་སྒྲིག་བཀོད་དོ་དམ་བཟོ་བཅོས་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་ཚོགས་བཅོས་སྐྱོང་ཡར་སྐུལ་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་ལག་བསྟར་བྱེད་པའི་དུས་སྐབས་བར་མའི་དཔྱད་འཇོག་དང་དམིགས་ཚད་གྲོས་གཞི་སྐོར་ཞིག་ལེགས་སྒྲིག་བྱེད་པའི་སྙན་ཞུ་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ཏུ་བརྡས་ཐག་བཅད་དེ་འབྲེལ་ཡོད་མི་དོན་བྱ་བར་གྲོས་འཆམ་བྱུང་།

ཚོགས་ཐོག་ཏུ་ད་དུང་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་ལ་ཡིད་ཚིམ་མིན་གྱི་དཔྱད་འཇོག་བྱས།

ཧྲིན་ཀྲང་གཞོན་པ་ལིའུ་ཐོ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་གྲོལ་རྗེས། གནས་དེ་རུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་བདུན་པ་སྟེ་རང་ཞིང་གི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གནས་ཚུལ་ཞེས་པ་སྤེལ།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།