མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་གོང་འཕེལ་གཏང་དགོས།

  2024-08-27 15:22:20 

སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དར་རྒྱས་གོང་འཕེལ་གཏང་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཞིག་ཡིན་ཞེས་དངོས་སུ་བཏོན་ཡོད་པ་ལས་གཞན། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏང་དགོས་པའི་ཐད་ནས་བཀོད་སྒྲིག་གང་ལེགས་བྱས་ཡོད། དུས་སྐབས་གསར་པའི་ནང་ཇི་ལྟར་བྱས་ན་གཞི་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཐུབ་པའི་སྐོར་ནས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཝེ་ཏུང་ལ་བཅར་འདྲི་བྱས།

ཀྲུའུ་ཝེ་ཏུང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ཅིང་། ཤུགས་རྐྱེན་ཆེན་པོ་ལྡན་པའི་ལས་འགན་གལ་ཆེན་ཞིག་ཡིན། ཕྱོགས་གཅིག་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏང་དགོས་ལ། དེའི་གཙོ་གནད་ནི་ཞིང་ལས་སྤོ་སྒྱུར་མི་གྲངས་གྲོང་མི་ཅན་དུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། སྤོ་སྒྱུར་བྱས་ཟིན་པའི་གྲོང་མི་དེ་དག་གིས་གྲོང་ཁྱེར་དུ་འཚོ་གནས་ཀྱི་རྩ་བརྟན་པོ་ཚུགས་ཐུབ་པར་བྱས་ནས། གྲོང་ཁྱེར་དང་མཉམ་འདྲེས་ཡོང་བར་རྒྱབ་སྐྱོར་བྱ་དགོས། ཕྱོགས་གཞན་ཞིག་ནས་ཞིང་ལས་སྟོབས་ལྡན་དང་ཞིང་ཕན། ཞིང་ཕྱུག་བཅས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏང་རྒྱུ་དང་། ཀྲེ་ཅང་གི“བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སྤྱད་དེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏང་དགོས་ཞེས་བསྟན།

ཁྱིམ་ཚང་གིས་འགན་གཙང་ལེན་ལ་བརྟེན་ནས་ཉེར་སྐྱོང་བྱ་རྒྱུ་རྨང་གཞིར་བྱེད་དགོས་པ་དང་། གཅིག་གྱུར་དང་ཁག་བགོས་ཟུང་འབྲེལ་བྱེད་པའི་རིམ་པ་གཉིས་ལྡན་གྱི་གཉེར་སྐྱོང་སྒྲིག་སྲོལ་ནི་རང་རྒྱལ་གྱི་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ཡིན་ལ། ང་ཚོའི་ཏང་གི་གྲོང་གསེབ་སྲིད་ཇུས་ཀྱི་རྨང་རྡོའང་ཡིན། ཚང་འཛོམས་གྲོས་ཚོགས་སྟེང་དུ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་དངོས་སུ་བཏོན་ཡོད། ཀྲུའུ་ཝེ་ཏུང་གིས་གཙོ་གནད་ནི་འགྱུར་ལྡོག་དང་འགྱུར་བ་མེད་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཡིན། ཁྱིམ་ཚང་གཉེར་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས་བྱེད་དགོས་ལ། ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་ཡོང་བར་བྱས་ཏེ། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚད་ལོན་རྗེས་སླར་ཡང་ལོ་སུམ་ཅུའི་ཡུན་ལ་ཇེ་རིང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཞིང་པར་ཕུགས་ཕན་གྱི་ལམ་སྲོལ་བསྐྲུན་དགོས། དུས་མཚུངས་སུ། འགན་གཙང་ལེན་ས་ཞིང་གི“དབང་ཆ་གསུམ”དབྱེ་འབྱེད་དང་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏང་དགོས་ཞེས་བསྟན།

འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན། ཀྲུའུ་ཝེ་ཏུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་གཙོ་གནད་དེ་མཁྲེགས་ཆས་དང་མཉེན་ཆས་ཕྱོགས་གཉིས་ནས་ལམ་ལུགས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། “ཀྲུང་གོ་བའི་ཟས་ཕོར”རང་ལག་ཏུ་སྔར་ལས་དམ་པོར་འཛིན་དགོས། མཁྲེགས་ཆས་ཀྱི་སྟེང་དུ་ས་ཞིང་ལམ་ལུགས་བཅོས་སྒྱུར་གཙོ་གནད་དུབཟུང་ནས་དམ་པོར་འཛིན་རྒྱུ་དང་། རྨོ་ཞིང་གི་གྲངས་འབོར་འགན་སྲུང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་མངོན་གསལ་ཅན་དུ་གཏོང་བ། རྨོ་ཞིང་གི་བཟུང་གསབ་དོ་སྙོམས་ལམ་ལུགས་བཅོས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། རྨོ་ཞིང་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བར་ཁག་ཐེག་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན། དོ་དམ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འཛུགས་ཞོར་འགྲུབ་ཞོར་ཡོང་བར་འགན་ལེན་ནན་མོ་བྱེད་དགོས་ལ། དུས་མཚུངས་སུ། རྨོ་ཞིང་དེ་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཐད་སྤྱོད་རྒྱུར་འགན་ལེན་བྱེད་པའི་དོ་དམ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ས་ཞིང་ཞིང་ལས་ཀྱི་ཆེད་དུ་སྤྱོད་པ་དང་ཞིང་ས་བཟང་པོར་འབྲུ་རིགས་བཟང་པོ་སྤྱོད་རྒྱུར་འགན་ལེན་བྱེད་དགོས། མཉེན་ཆས་ཀྱི་སྟེང་དུ་ཞིང་པས་འབྲུ་རིགས་འདེབས་པ་དང་ས་གནས་ཀྱིས་འབྲུ་རིགས་བྱ་བར་དམ་འཛིན་གྱིན་པའི་བརྩོན་སེམས་རང་བཞིན་འབུར་ཐོན་ཡོང་བར་སྐུལ་སློང་བྱ་དགོས་ཞེས་བསྟན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།