མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཛེས་མ་ལུང་བ།

  2024-07-19 15:05:42  ཁྲིམས་སྐྱོང་ཚགས་པར།

(ཀོས་ནན) ལྡོང་ལུག་རྫི།


རང་ཉིད་ལ་མཛའ་བའི་གཟུགས་པོ་འདིིའི་ལྗིད་ཚད།

རྐང་མགོར་རན་པའི་ལྷམ་གྱིས་ཁུར་ནས།

གཟའ་མཇུག་གི་དུས་ཚོད་འདིིའི་ནང་དུ་སྤོས།


ལུང་པ་ཞིག་མཛེས་མས་བཀད་རབས་ཟེར།

སྙན་ངག་ཅིག་བཟོ་བྱེད་ཀྱི་ཁབ་སྐུད་འཁྱེར་ཞོར།

བཀྲུས་ནས་ཟད་རྒྱུ་མེད་པའི་ངོ་གདོང་།

མེ་ལོང་གི་སྔུན་ལ་ཐེངས་གཅིག་བཤམས།


འཁྲུལ་སྣང་གི་ཐ་སྙད་སྣ་ཚོགས་ཤིག

ཡ་ཆུང་དུ་འཚང་ཁ་བརྒྱབ་ནས།

གནས་དེར་མ་སླེབ་གོང་འབར་ཞིང་ཚིག


ལུང་ཁོག་དེའི་ཞིང་ཚིགས་རེ་རེ་ན།

ས་བབ་ཀྱིས་བསྐྱངས་པའི་དྲིན་དུ།

སྔོ་འབུས་ཐག་ཆོད་འདུག

གྲོ་ནས་ཀེ་ཚེ་གང་ཡིན་མི་ཤེས་མོད།

ས་ཁར་ཚད་ཅིག་ལ་སྐྱེས་འདུག

དེ་ཙམ་མ་གཏོགས།

ངའི་ཐོག་མའི་རྩོམ་པར་དམ་བཅའ་བྱེད་ཀྱི་དེ་དག་ག་རེ།

ལག་ཕྱིས་གློ་ཁ་ཅན་དེ་ཚོ་གྱང་ལྡེབས་སུ་མ་གཏོགས།

མཐོང་རེག་བྲལ་བས།

སྣང་བ་ཇེ་རུབ་ནས་ཇེ་མོག་ལ་བཏང་།

ཡིད་མ་ཆེས་བར།

གདོང་གི་མིག་ཤེལ་ཇི་ལྟར་ཕྱིས་ཀྱང་།

ལྷོད་ལ་བབ་པའི་རྨ་ཆུའི་ཡུར་མོ་ལས།

ཡུ་མོ་འདྲ་བ་གཅིག་ཀྱང་ག་ལ།


གཟའ་རྗེས་མར།

ང་ཤ་ཡུ་མོ་ཞིག་ཏུ་སྤྲུལ་ནས།

སྐྱེས་པ་མང་པོ་ཞིག་གི་སྡུག་སངས་པར་བྱ་རྩིས་ཡོད།

དེའི་འཕྲོར་རང་ཉིད་ཀྱང་།

མངོན་པར་རྫོགས་ནས་སངས་རྒྱས་སོ། །

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།