མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་བསླབ་ཚན་འཆད་ཁྲིད་བྱས།

  2024-07-01 15:20:11 

བདུན་གཅིག་གི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་སྟོང་བཞི་ལྷག་ལ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་བསླབ་ཚན་འཆད་ཁྲིད་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཟབ་མོ་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ལེགས་པོ་བྱེད་ཅིང་། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་སྒྲིག་ལམ་སྒྲིག་སྲོལ་ནན་མོར་སྲུང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་སྐུ་དངོས་སུ་མཚོ་སྔོན་ལ་ཕེབས་པ་དེས་མཚོ་སྔོན་ལ་ཐུགས་ཁུར་དང་བྱམས་བརྩེ་ཚད་མེད་གནང་བ་མཚོན་ཞིང་། ཞིང་ཆེན་གོང་འོག་ཡོངས་སུ་སྐུལ་ལྕག་ཐེབས་ནས་ཡིད་ཆེས་ཀྱིས་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་གཏན་འབེབས་བླང་བྱ་ལྟར། སྒྲིག་ཁྲིམས་ལ་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་ལ་རྒྱུས་ལོན་བྱེད་པ་བཅས་ཀྱིས་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་དག་ཐེར་བཅོས་སྐྱོང་དམ་འཛིན་ལེགས་པོ་བྱས་ཏེ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ལེགས་པོ་བཅས་མུ་མཐུད་དུ་རྒྱུན་འཁྱོངས་བྱ་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ལམ་སྒྲིག་སྲོལ་ནི་ཏང་བཅོས་སྐྱོང་གི་ཐབས་ཇུས་དང་ཏང་དར་རྒྱས་ཡོང་བའི་རྒྱུ་རྐྱེན་ཡིན་པ་གསལ་པོར་རྟོགས་དགོས། སྒྲིག་ལམ་དམ་པོ་ནི་ཏང་དེ་རྒྱལ་ཁའི་ཕྱོགས་སའི་བསྐྱོད་པའི་ཐབས་ལམ་གལ་ཆེན་ཡིན་ལ། དམངས་ཀྱི་འདོད་བློ་སྐོང་ཞིང་དམངས་ཀྱི་ཡིད་ཆེས་ཐོབ་ཐུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། ཏང་གི་བྱ་བཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན། ང་ཚོའི་ཏང་གི་སྒྲིག་ལམ་དམ་པོ་དེར་དམངས་ཀྱིས་བློ་གཏད་བྱེད་ཅིང་ཀུན་གྱིས་བརྩི་བཀུར་བྱས་ཏེ། འཐབ་རྩོད་སྟོབས་ཤུགས་དྲག་པོ་མཐའ་འཁྱོངས་བྱེད་ཐུབ། སྒྲིག་ལམ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ཚེ། ཏང་གི་བྱ་བཞག་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་ཐུབ། གཟབ་ནན་ཆེ་བའི་སྒོ་ནས་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བ་དང་མཐའ་གཅིག་ཏུ་ནན་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་ཏང་གི་བློ་རྩ་བརྟན་པོ་འགྱུར་བར་མེད་པར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རང་ཞིང་གིས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་གསལ་པོར་རྟོགས་དགོས་ཤིང་། ངེས་པར་འགག་རྩའི་ཉུང་ཤས་དམ་པོར་འཛིན་པ་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་པར་ལྟ་སྐུལ་ནན་མོ་བྱེད་པ། འགན་འཁྲི་དངོས་འབེབས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ཀྱི་སྟེང་ནས་མངོན་པར་བྱ་དགོས། ལས་སྒྲུབ་ཁག་ཁུར་ལ་ཤུགས་སྣོན་པ་དང་བཅོས་སྒྱུར་གསར་གཏོད་དེ་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏང་དགོས། ཧུར་ཐག་སྒོས་འགན་འཁྲི་ལེགས་པོར་བསྒྲུབ་པ་དང་གྲུབ་འབྲས་བཟང་པོ་བླངས་ནས་རྒྱུགས་ལན་ཡག་པོ་སྤྲོད་དགོས། འགན་སྒྲུབ་ཁག་ཁུར་ཡང་དག་བྱས་ཏེ། མཚོ་སྔོན་ལ་རྒྱུས་ལོན་པ་དེ་མགོ་རྩོམ་སར་བྱེད་ཅིང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ་དེ་ཤུགས་འདོན་སར་བྱེད་པ་དང་། མཚོ་སྔོན་དར་རྒྱས་གཏོང་བ་དེ་རྐང་འཛུགས་སར་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་ཅིང་། ལས་སྒྲུབ་ལས་གཏོད་ཀྱི་དངོས་ཡོད་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཕྱོགས་སོ་སོ་ནས་མངོན་པར་བྱ་དགོས། ཏང་གཤིས་བརྟན་པོ་ཡོང་བ་དང་། ཏང་གཤིས་འདུ་ཤེས་དང་དགོངས་པའི་འདུ་ཤེས། སྒྲིག་ལམ་སྒྲིག་སྲོལ་གྱི་འདུ་ཤེས་ལ་ཤུགས་བསྣན་ནས། གུས་སྐྲག་ཤེས་པ་དང་དོགས་ཟོན་བྱེད་པ། ཚད་མཐའ་སྲུང་བ་བཅས་བྱ་དགོས་ཟེར།

ཁྲིན་ཀང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བ་སྣ་ཚོགས་དངོས་འབེབས་དམ་འཛིན་བྱེད་པ་དང་། མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ལས་བགོས་ཁ་གསལ་བཟོ་བ། དྲིལ་སྒྲོག་སྐུལ་སྤེལ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། དངོས་སྒྲུབ་དངོས་འབྲས་དངོས་ཕན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་བ་ཟབ་མོར་དྲིན་གཟོ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་དེ་བརྙན་རིས་ལམ་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུའུ་སོ་སོ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ་དང་། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཁག་གཅིག ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དོ་དམ་ཁེ་ལས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་ནས་ཚོགས་འདུར་ཞུགས་ཤིང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོས་ཡན་ལག་ཚོགས་ར་བཙུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།