མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་།

  2024-06-17 17:39:10 

མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་བྱ་བའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་བ།

གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་བྱ་བའི་ཕན་འབྲས་ཕྱོགས་སྡོམ་བྱེད་པ་དང་། འབྲེལ་གཏུག་ས་ཚིགས་ཀྱི་བྱ་བའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་ཆེད། ཟླ6པའི་ཚེས13ཉིན་ནས་ཚེས14ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་ཁ་ཤས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། དེ་མིན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་འགན་ཁུར་བློ་མཐུན་སོ་བཞི་བརྗེ་རེས་བཞུགས་མོལ་ཚོགས་འདུར་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། སྤུན་ཟླའི་ཞིང་ཆེན་ཁུལ་གྱི་དམངས་ཆེན་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་གཏུག་ས་ཚིགས་སོ་སོའི་བར་བརྗེ་རེས་བྱས་པ་བརྒྱུད་དེ། ཚང་མས་བསྟན་དོན། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་བྱ་བའི་སྤུས་ཀ་དང་ཕན་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ་དང་། དེའི་གོ་གནས་གཙོ་བོ་དང་བྱེད་ནུས་ལ་རྒྱུས་ལོན་ཟབ་མོ་བྱེད་པ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྲིམས་འཛུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་རྒྱ་ཆེའི་མང་ཚོགས་ལ་འབྲེལ་འདྲིས་བྱེད་ཅིང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ཐེག་གཟུགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས།

གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སོ་སོའི་འགན་ཁུར་མི་སྣས་གཅིག་གྱུར་གྱིས་བལྟས་ན། བརྗེ་རེས་བགྲོ་གླེང་བྱས་པ་བརྒྱུད་དེ། བྱ་བའི་ཕན་འབྲས་ཕྱོགས་བསྡོམས་བྱས་པར་མ་ཟད། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་སྒྲུབ་སྦྲེལ་མཐུད་ནུས་ལྡན་བྱས་ཡོད། ཚང་མས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོ་གཅིག་སྡུད་བྱེད་པ་དང་། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལག་ལེན་གསར་བ་འཚོལ་ཞིབ་བྱེད་པ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་ཁྲིམས་འཛུགས་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་བཅས་གང་ལེགས་བྱེད་པའི་ཐད་ནས་ཕན་འབྲས་གསར་བ་ལེན་པར་བརྩོན་དགོས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སོ་སོས་སྤྱི་དམངས་ཁྲིམས་འཛུགས་བྱ་འགུལ་ལ་ཞུགས་ཚད་རྒྱུན་མཐུད་སྒོས་རྒྱ་བསྐྱེད་པ་དང་། འབྲེལ་གཏུག་ས་ཚིགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་མཐུན་ཁྲིམས་འཛུགས་བཅས་བྱེད་པར་སྐུལ་འདེད་ཟབ་མོ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།