ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཕྱུགས་རིགས་བརྐུས་པའི་གྱོད་དོན་ཞིག་མགྱོགས་མྱུར་ངང་རྩད་ཆོད་དེ་དོགས་ཡོད་ཉེས་ཅན1འཛིན་བཟུང་བྱས།
ཟླ5པའི་ཚེས30ཉིན། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་ལས་རེས་མི་དམངས་ཉེན་རྟོག་པར་མངའ་ཁུལ་གྱི་མང་ཚོགས་ནམ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ཏེ། ཁོ་ཚང་གི་རྩྭ་རའི་ནང་ནས"དངུལ་རའི་ལུག"2བོར་ནས་རིན་ཐང་སྒོར2400ཟིན་ཡོད་པས་ཉེན་རྟོག་པ་མངགས་ནས་ཐག་གཅོད་བྱེད་རོགས་ཞེས་བཤད།
སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་རྩད་ཞིབ་ཀྱི་བྱ་བ་སྤེལ་ཞིང་། འདྲི་རྩད་དང་བརྟག་དཔྱད་བྱས་པ་བརྒྱུད། ལྕགས་ཁང་མཛེས་བཟོ་བྱེད་མཁན་ཧུའུ་ཆེ་གེ་མོར་གྱོད་དོན་བཟོ་བའི་དོགས་གཞི་ཡོད་པ་དང་ཆབས་ཅིག མཐའ་འཁོར་གྱི་ལྟ་སྐུལ་ཚོད་འཛིན་བརྙན་མིག་གི་བརྙན་ལམ་ལ་གྲལ་བཤེར་བྱས་ཏེ་ཉེས་གསོག་དཔང་རྟགས་ཕྱོགས་ཡོངས་ནས་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། ཧུའུ་ཆེ་གེ་མོར་གྱོད་དོན་བཟོ་བའི་དོགས་གཞི་ཆེན་པོར་ཡོད་པ་གཏན་འཁེལ་བྱས་མཐར། མི་དམངས་ཉེན་རྟོག་པས་འཕྲལ་མར་དོགས་ཡོད་ཉེས་ཅན་ཧུའུ་ཆེ་གེ་མོ་གྱོད་ཁུངས་སུ་བོས་ཤིང་། འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གྱིས་ལག་ཏུ་སྒོར་མོ་མེད་པས་ལུག་བརྐུ་བའི་བསམ་ཚུལ་སྐྱེས་ཤིང་། གནོད་འཚེ་ཕོག་མཁན་གྱི“དངུལ་རའི་ལུག”2བརྐུས་པའི་ནག་ཉེས་ཀྱི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས།
མིག་སྔར། དོགས་ཡོད་ཉེས་ཅན་ཧུའུ་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད་ལ། གྱོད་དོན་དེ་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།