མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱི་ཁྲིམས་འཛུགས་རྟོག་ཞིབ་སྤེལ་བ།

  2024-06-13 09:49:30 

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་གྱི་ཁྲིམས་འཛུགས་རྟོག་ཞིབ་སྤེལ་བ།

ཟླ6པའི་ཚེས4ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག་གི་ཁྲིམས་འཛུགས་རྟོག་ཞིབ་སྤེལ།

རྟོག་ཞིབ་ཚན་ཆུང་ཞོན་ཧྭ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་གྲོང་ཁྱེར་དོ་དམ་བཀོད་འདོམས་ལྟེ་གནས། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་སོང་ནས། ཡུལ་དངོས་ལྟ་ཞིབ་དང་ཡིག་ཚགས་ཀློག་བཤེར། ཡུལ་དངོས་བློ་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ། འབྲེལ་ཡོད་སྡེ་ཁག་སོ་སོའི་སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ། སྲིད་འཛིན་ཁྲིམས་བསྟར་ཕྱོགས་བསྡུས་དོ་དམ་ལྟ་སྐུལ་ཆ་འཕྲིན་མ་ལག་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞོན་ཧྭ་རྫོང་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་སོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མ་ཆད་པར་ཇེ་ལེགས་སུ་སོང་ལ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བྱ་བའི་གྲུབ་འབྲས་ཧ་ཅང་མངོན་གསལ་ཡིན། རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱུ་ནི་ཁྲིམས་ལྟར་སྲིད་འཛིན་པའི་གནད་འགག་བྱ་བ་ཡིན་ལ། ཁྲིམས་འཛིན་སྤྱོད་ཚུལ་ཚད་ལྡན་དུ་བསྒྱུར་བ་དང་ཁྲིམས་འཛིན་ཕན་ནུས་མཐོར་འདེགས་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།

རྟོག་ཞིབ་ཚན་ཆུང་གིས་སྲིད་གཞུང་གི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་ཁུངས་དང་ཁྲིམས་འཛིན་སྡེ་ཁག་གཙོ་བོ་སོ་སོས་སྲིད་འཛིན་ཁྲིམས་བསྟར་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བཅའ་ཁྲིམས་ཤེས་བྱ་དང་ཆེད་ལས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ནས། སྲིད་འཛིན་ཁྲིམས་བསྟར་མི་སྣའི་ཆེད་ལས་བློ་སྦྱོང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཁྲིམས་བསྟར་ལྟ་སྐུལ་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྲིམས་བསྟར་ལྟ་སྐུལ་གྱི་ཆུ་ཚད་དང་སྲིད་འཛིན་ཁྲིམས་བསྟར་ཕན་ནུས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན། རྟོག་ཞིབ་ཚན་ཆུང་གི་ཁོངས་མིས་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་སྤྱི་སྡོམ། ཞིབ་འཇུག་བྱེད་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་བསྡུ་ལེན་བྱེད་པ། ཁྲིམས་འཛུགས་གོ་རིམ་ཁྲོད་ཉམས་མྱོང་བྱེད་ཐབས་བཟང་བོ་དེ་ཕན་ལྡན་གྱི་བྱེད་ཐབས་སུ་བསྒྱུར་ནས། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བྱ་བའི་སྤུས་ཚད་དང་ཕན་འབྲས་སྔར་ལས་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།