2024ལོའི་ཟླ5པའི་ཚེས31ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཁོན་ལུན་ལམ་མངགས་གཏོང་ཁང་གི་ཤུགས་ཆེའི་གཞོགས་འདེགས་འོག ཆུ་ཚོད7ལས་མ་འགོར་བར་བརྐུས་བྱས་པའི་གྱོད་དོན་ཞིག་བདེ་བླག་ངང་རྩད་ཆོད་དེ་དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས་པར་མ་ཟད། ད་དུང་བརྐུས་དངོས་ཚང་མའང་ཕྱིར་བླངས།
2024ལོའི་ཟླ5པའི་ཚེས31ཉིན་གྱི་ཆུ་ཚོད7ཡས་མས་སུ། གཏེར་ལམ་རྫོང་སྤྱི་བདེ་ཅུའུ་ལ་མང་ཚོགས་ཀྱིས་གྱོད་དོན་སྙན་སེང་ཞུས་ཏེ། ལག་ཁྱེར་ཁ་པར་ཚོང་ཁང་ནང་གི་ལག་ཁྱེར་ཁ་པར་ཁ་ཤས་དང་སྒོར་མོ་བརྐུས་ནས་རིན་ཐང་སྒོར་ཁྲི3ལྷག་ཟིན་ཡོད་པས་ཉེན་རྟོག་པ་མངགས་ཏེ་ཐག་གཅོད་བྱེད་རོགས་ཞེས་བཤད།
སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པ་མྱུར་དུ་ཡུལ་དངོས་སུ་རྩད་ཞིབ་བྱེད་པར་སོང་ཞིང་། གྱོད་དོན་བྱུང་ཡུལ་དང་དེ་བཞིན་མཐའ་འཁོར་གྱི་ལྟ་སྐུལ་ཚོད་འཛིན་གྱི་བརྙན་རིས་ལ་ལྟ་ཞིབ་བྱས་པ་བརྒྱུད། ཐོ་རེངས་ཀྱི་ཆུ་ཚོད4པར་སྐྱེས་པ3གྱིས་ལག་ཁྱེར་ཁ་པར་ཚོང་ཁང་གི་སྒོ་ཕྱེ་སྟེ་ནང་དུ་འཛུལ་ནས་གྱོད་དོན་བཟོས་རྗེས་བྲོས་བྱོལ་དུ་སོང་བ་ཤེས་རྟོགས་བྱུང་།
དེར་བརྟེན། མི་དམངས་ཉེན་རྟོག་པས་བརྐུས་བྱས་པའི་མི་སྣའི་ངོ་དབྱིབས་དང་གཟུགས་བྱད་མགྱོགས་མྱུར་ངང་གཏན་འཁེལ་བྱས་མཐར། ཁུངས་སྣེར་གཞིགས་ཏེ་གྲལ་བཤེར་བྱེད་ཤུགས་དང་ཁྱབ་ཁོངས་ཆེ་རུ་བཏང་ནས་རྗེས་འདེད་བྱས་ཏེ་དོགས་ཡོད་ཉེས་ཅན་གྱི་ཐོབ་ཐང་ཆ་འཕྲིན་དང་། དེ་བཞིན་གར་འདུག་གར་འགྲོ་ཡི་རྗེས་ཤུལ་ལ་གཞིགས་ཏེ་ཨོ་ཆེ་གེ་མོ་དང་བཀྲ་ཆེ་གེ་མོ། ཝང་ཆེ་གེ་མོ་བཅས་ཀྱིས་གྱོད་དོན་བཟོས་པར་དོགས་གཞི་ཆེ་བས། མྱུར་དུ་ཁོ་ཚོའི་རླངས་འཁོར་སོང་བའི་ཁ་ཕྱོགས་ལ་གཞིགས་ཏེ་ན་གོར་མོ་གྲོང་ཁྱེར་དུ་བྲོས་བྱོལ་སོང་བ་གཏན་འཁེལ་བྱས་ཤིང་། འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་འཛིན་བཟུང་བྱེད་པར་བསྐྱོད་ཅིང་། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཁོན་ལུན་ལམ་མངགས་གཏོང་ཁང་གི་ཤུགས་ཆེའི་གཞོགས་འདེགས་འོག ཉིན་དེའི་ཆུ་ཚོད14ཡས་མས་སུ་དོགས་ཡོད་ཉེས་ཅན་བདེ་བླག་ངང་འཛིན་བཟུང་བྱས།
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན3པོས་བརྐུས་བྱས་པའི་ནག་ཉེས་ཀྱི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས། མིག་སྔར། གྱོད་དོན་དེ་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་སྒང་རེད།