མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་པ།

  2024-05-22 12:01:13 

ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཟླ5པའི་ཚེས21ཉིན། ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡཱ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་སྟེང་བསྟན་དོན། འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཟབ་མོ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བྱ་བར་ཤུགས་སྣོན་དང་སྒྱུར་བཅོས་བྱེད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་བཅར་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་ཅིང་། ཏང་གི་འཕྲིན་བཅར་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་འཕྲིན་བཅར་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་ལག་བསྟར་བྱས་ཏེ། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་གྱི་དངོས་ཡོད་ཕན་འབྲས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། འཕྲིན་བཅར་གྱི་བསགས་གྱོད་འགག་སྒྲོལ་འགལ་སེལ་གྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་ནན་མོ་བྱེད་པ་དང་། འཕྲིན་བཅར་ལམ་ལུགས་ཀྱི་དགེ་མཚན་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་ཚུར་སྒྱུར་བྱེད་ལ། ཏང་སྲིད་མཉམ་འཛིན་དང་། སྡེ་ཁག་དང་ས་གནས་གཉིས་མཉམ་དུ་དམ་འཛིན། ཕྱོགས་ཡོངས་མཉམ་འཛིན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྒོས་སྲ་བརྟན་དུ་གཏོང་དགོས། འཕྲིན་བཅར་བྱ་བའི་སྲོལ་ཡིག་ལ་རྒྱུན་མཐུད་སྒོས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕྲིན་བཅར་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ། གཞི་རིམ་གྱི་འཕྲིན་བཅར་བྱ་བའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ནས་ཁྲིམས་ལྟར་བྱ་བ་བསྒྲུབ་པ་དང་། དཀའ་ཁག་ལ་འཕྲད་དུས་བཅའ་ཁྲིམས་བཙལ་བ། གནད་དོན་ཐག་གཅོད་སྐབས་ཁྲིམས་སྤྱོད་པ། འགལ་བ་སེལ་ན་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཡང་དག་པའི་ཁྲིད་ཕྱོགས་འཛུགས་དགོས། འཕྲིན་བཅར་བསགས་གྱོད་འགལ་སེལ་གྱི་རྒྱུན་རྣམ་ཡུན་ཕན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། མགོ་ཁྲིད་ལས་བྱེད་པས་འཕྲིན་བཅར་དང་ལེན་བྱེད་ཅིང་། འཕྲིན་བཅར་སྡེ་ཁག་གི་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་དང་འཕྲིན་བཅར་ལས་བྱེད་པའི་རུ་ཁག་སྒྲིག་འཛུགས་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་སྒོས་བདེ་འཇགས་བརྟན་འཇགས་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ། ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་བཅས་ཀྱི་བརྗེ་རེས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།