“ངོ་ཤེས་ཀྱང་སེམས་མི་ཤེས་པའི་གྲོགས་བཟང་ཁྱིམ་དུ་མགྲོན་པོར་ཕེབས་ཤིང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོའི་ཁྱིམ་གྱི་སྒོར་མོའི་སྟེང་ལ་སེམས་ངན་བཅངས”ལོའུ་ཏུའུ་སྤྱི་བདེ་ལས་ཁུངས་ཀྱིས་ཆུ་ཚོད2ནང་རྐུ་འཕྲོག་གི་གྱོད་དོན་ཞིག་མགྱོགས་མྱུར་ངང་ཞིབ་བཤེར་བྱས་ཏེ་བརྐུས་པའི་སྒོར་མོ་ཕྱིར་བླངས།
ཟླ4པའི་ཚེས29ཉིན། ལོའུ་ཏུའུ་སྤྱི་བདེ110ལ་གྱོད་དོན་སྙན་སེང་འབྱོར་ཏེ། ཁོའི་ཁྱིམ་དུ་བཞག་ཡོད་པའི་སྒོར་མོ་བརྐུས་ལ་ཤོར་འདུག་ཅེས་བཤད། གྱོད་དོན་སྙན་སེང་འབྱོར་རྗེས། ཉན་པའོ་འགོག་ཁུལ་གྱི་ཁྲིམས་འཛིན་གྱོད་སྒྲུབ་རུ་ཁག་གི་མི་དམངས་ཉེན་རྟོག་པ་འཕྲལ་མར་ཡུལ་དངོས་སུ་སོང་སྟེ་བརྟག་དཔྱད་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད། ཟླ4པའི་ཚེས29ཉིན་གྱི་སྔ་དྲོར། ཞུའེ་ཆེ་གེ་མོས་ཆང་འཁྱེར་ནས་གནོད་འཚེ་ཕོག་མཁན་གྱི་ཁྱིམ་དུ་ཆང་འཐུང་བར་སོང་བ་དང་། གནོད་འཚེ་ཕོག་མཁན་ལ་ནད་གཞི་ཕོག་སྟེ་ཆང་འཐུང་མི་ཆོག་པས་ཁྱིམ་ནས་ཁ་བྲལ་ཞིང་། ཞུའེ་ཆེ་གེ་མོས་གནོད་འཚེ་ཕོག་པའི་ཁྱིམ་གྱི་ཅོག་ཙེའི་འཐེན་སྒམ་དུ་སྒོར་མོ་བཞག་ཡོད་པ་ཤེས་རྗེས། གནོད་འཚེ་ཕོག་མཁན་གྱིས་མཉམ་བཞག་མེད་པའི་གོ་སྐབས་དང་བསྟུན་ནས་འཐེན་སྒམ་ནང་གི་སྒོར600བརྐུས། འདྲི་རྩད་བྱས་པ་བརྒྱུད། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཞུའེ་ཆེ་གེ་མོས་སྒོར་མོ་བརྐུས་པའི་ཁྲིམས་འགལ་གྱི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ལོའུ་ཏུའུ་ཆུའུ་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་ཞུའེ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད།