ཟླ5པའི་ཚེས14ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། མིག་སྔའི་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། འབྲེལ་ཡོད་བྱ་བ་སྣ་ཚོགས་ལ་ཉན་པ་དང་གྲོས་ཞིབ་བྱས།
གྲོས་ཚོགས་སྟེང་ཟླ4པའི་ཚེས30ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་ཁྲུང་ཆིང་ནས་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་སྦྲེལ་མཐུད་བྱས་ནས་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་ལངས་གནས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོ་དང་བྱ་བའི་དཀྱིལ་སྙིང་ལ་གཞིགས་ཏེ། བསམ་ཕྱོགས་གསར་པ་འཆར་འགོད་དང་ཕན་འབྲས་གསར་པ་དོན་གཉེར་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབད་པས་འབུལ་དགོས།
གྲོས་ཚོགས་སྟེང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི2024ལོའི་ཆེད་དོན་ཞིབ་འཇུག་ལས་གཞི་དང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་འཚོགས་པའི་བཀོད་སྒྲིག་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བའི་གནས་ཚུལ་སྙན་ཞུ་དང་འབྲེལ་ཡོད་ཞིབ་དཔྱོད་རྟོག་ཞིབ་སྙན་ཞུར་ཉན། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་ཙུའུ་ཡིས་འདུ་ཤེས་འཛིན་སྟངས་བྱ་བ་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། སྲིད་གྲོས་ཀྱི་དོན་དངོས་ལ་རྐང་བཙུགས་ཏེ། བདེན་སྲུང་གསར་གཏོད་དང་། མེ་ཏོག་མཉམ་བཞད། མཐུན་གཉེར་འགལ་བསྐྱུར་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་སྐུལ་སློང་བྱས་ནས་མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཐད་སྐུལ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ། གཅིག་མཐུན་ལྟ་བ་རྒྱ་ཆེར་གཅིག་འདོམས་བྱས་ཏེ། མཐུན་སྒྲིལ་འབད་བརྩོན་གྱི་དུས་རབས་ཀྱི་གཙོ་རྒྱུན་གདངས་དབྱངས་མཉམ་དུ་གླུ་རུ་ལེན་པ་དང་། མཐུན་སྒྲིལ་འབད་བརྩོན་གྱི་ཆེས་ཆེ་བའི་སེམས་མཐུན་སྒོར་རིས་མཉམ་དུ་འབྲི་བ། འདུ་ཤེས་འཛིན་སྟངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྣེ་ཁྲིད་བརྟན་སྲུང་ཡག་པོ་བྱེད་དགོས།
ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥུན་ཧྲིན། ལིས་ཞའོ་ནན། ཕིན་ཡིའུ་ཏུང་། ཞེ་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།