མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་གྲོས་ཚོགས་བསྡུས་པ།

  2024-04-30 09:01:32 

ཟླ4པའི་ཚེས28ཉིན། ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡཱ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཀྱི་འགལ་རྩོད་སྣ་མང་འགོག་ཟོན་དང་ཐག་གཅོད་བྱེད་པའི་བྱ་བ་སྒྲུབ་སྟངས་ལེགས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་བརྩོན་སེམས་ཇེ་དྲག་ཏུ་བཏང་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཞི་རིམ་གྱི་ཚད་མཐའ་སྲ་བརྟན་དུ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པར་བདེ་འཇགས་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།

གྲོས་ཚོགས་སྟེང་བླང་བྱ་བཏོན་དོན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་གཅིག་ཅན་བཅུའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པས་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྣ་འཛོམས་ཞབས་ཞུ་ལྟེ་གནས་ཀྱི་འཛུགས་སྐྲུན་ལེགས་སྒྱུར་དང་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ངེས་གནས་གསལ་བར་བྱེད་པ། ཞབས་ཞུ་ལེགས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་ཐག་གཅོད་མ་ལག་གཙོ་བོའི་འགལ་རྩོད་ཐག་གཅོད་པ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ནུས་པ་ཕན་ནུས་ལྡན་པའི་སྒོ་ནས་མཐོར་འདེགས་སུ་གཏོང་དགོས། མགོ་ཁུངས་ཀྱི་ཉེས་དོན་དོན་རྐྱེན་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མངོན་མེད་ཉེན་ཁ་དང་ཉེན་ཟོན་ཉེན་འགོག་ནུས་པ་ཕན་ནུས་ལྡན་པའི་སྒོ་ནས་མཐོར་འདེགས་སུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།