མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་ཕྱིར་ཟི་ལིང་དུ་ལོག

  2024-03-15 10:25:24 

ཟླ3པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་ཕྱིར་ཟི་ལིང་དུ་ལོག

གྲོས་ཚོགས་ཀྱི་སྐབས་སུ། རང་ཞིང་གི་འཐུས་མི་རྣམས་ཀྱིས་དམངས་ཚིས་གླེང་བ་དང་། འཕེལ་རྒྱས་གླེང་བ། བཅོས་སྒྱུར་ལ་ཡར་སྐུལ་བྱས་པ་དང་། མཚོ་སྔོན་གྱི་དངོས་ཡོད་དང་འབྲེལ་ནས། མི་དམངས་ཀྱི་འདོད་བློ་དང་སེམས་འདུན་མཚོན་གང་ཐུབ་བྱས་ཤིང་། གཏན་འབེབས་ཀྱི་ལས་རིམ་ལྟར་ཁྱོན་བསྡོམས་གྲོས་འཆརགཅིག་དང་། གྲོས་གཞི་བརྒྱ་དང་གཉིས་སྤྲད།

འཐུས་མི་ཝང་གོ་ཏུང་གིས་བཤད་རྒྱུར། ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བ་དང་། འཆར་གཞི་བཀོད་ཅིང་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད་པས། ང་ཚོས་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལྟར། ས་གནས་ཀྱི་དངོས་ཡོད་དང་འབྲེལ་ནས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་བཟང་པོ་བྱས་ཏེ། ཚོགས་ཆེན་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་དོན་འཁྱོལ་བྱེད་རྒྱུ་ཡིན་ཟེར།

འཐུས་མི་ཞུའུ་ཆིན་མེན་གྱིས་བཤད་རྒྱུར། འདི་ནི་དར་ཆ་མཐོར་སྒྲེང་དང་། མི་སེམས་གཅིག་སྡུད་ཀྱི་ཚོགས་ཆེན་ཞིག་རེད། ཕྱིར་ལོག་རྗེས། ངས་ལས་གནས་ཀྱི་དངོས་ཡོད་དང་འབྲེལ་ནས། ཚོགས་ཆེན་གྱི་དགོངས་དོན་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ཁྲོད་དོན་འཁྱོལ་བྱེད་རྒྱུ་ཡིན་ཞིང་། རྟོག་ཞིབ་དང་ཞིབ་འཇུག་ནན་མོ་བྱེད་པ་དང་། གྲོས་གཞི་སྔར་ལས་བཟང་པོ་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

འཐུས་མི་རྣམས་ཀྱིས་གཅིག་གྱུར་གྱིས་བསྟན་དོན། བྱ་བའི་ལས་གནས་ལ་ཕྱིར་ལོག་རྗེས། གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་ལག་བསྟར་བཟང་པོ་བྱས་ཤིང་། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན། དངོས་ཡོད་ལ་རྐང་བཙུགས་ཏེ་རྒྱལ་ཁབ་དང་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།