མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་འཐུས་མིའི་འཆད་སྟེགས་ཀྱི་བྱེད་སྒོ་སྤེལ།

  2024-03-15 10:25:24 

རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དུས་ཐོག་ཏུ་གཞི་རིམ་ལ་བརྒྱུད་སྒྲོག་བྱེད་ཆེད། ཟླ3པའི་ཚེས13ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ནས་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་ཞེས་པ་བརྗོད་དོན་ཡིན་པའི་དམངས་ཆེན་འཐུས་མིའི་འཆད་སྟེགས་བྱེད་སྒོ་སྤེལ་བ་དང་། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཝང་ལིས་མིན་དང་ཆའོ་ཡ་ཆོན། ཞུའུ་ཆིན་མེན། ཝང་གོ་ཏུང་། མཱ་ཧྲི་ཀུང་བཅས་གདན་ཞུ་བྱས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་དུ་བཅུག ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བློ་མཐུན་གྱིས་སོ་སོར་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྒྲོག་འགྲེལ་བྱས།

བྱེད་སྒོ་དེ་སོ་སོར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སྤེལ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་ཆ་འཕྲིན་དོ་དམ་ལྟེ་གནས་ལ་ལྟ་ཞིབ་བྱས་རྗེས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་སོ་སོར་ཁྲིམས་དཔོན་གཅིག་དང་ཞིབ་དཔྱོད་དཔོན་གཅིག་འདེམ་མངག་བྱས་ཏེ་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ། ཞོན་ཧྭ་རྫོང་དུ་པའེ་ཀྲོང་གྲོང་རྡལ་སུའུ་ཧུའུ་སཱ་སྡེ་བའི་གནོད་རྗེས་བསྐྱར་འཛུགས་དང་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་རྗེས། མཚོ་སྔོན་ཞིང་ཆེན་དང་མཚོ་ཤར་གྲོང་ཁྱེར། ཞོན་ཧྭ་རྫོང་། པའེ་ཀྲོང་གྲོང་རྡལ་བཅས་རིམ་པ་བཞིའི་དམངས་ཆེན་འཐུས་མིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་མཉམ་སྤྱོད་བྱས་ལ། གསོན་ཉམས་ལྡན་པའི་སྒྲོག་འགྲེལ་དང་མྱོང་ཚོར་མཉམ་སྤྱོད་ལ་དགའ་བསུ་ཆེན་པོ་ཐོབ།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་བསྟན་དོན། སྐབས་འདིའི་འཆད་སྟེགས་བྱེད་སྒོའི་དུས་ཚོད་འོས་འཚམ་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ལ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཏང་གི་ཇུས་ཆོད་བཀོད་སྒྲིག་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་པར་མ་ཟད། འཐུས་མིའི་འགན་སྒྲུབ་མྱོང་ཚོར་དང་ཉམས་མྱོང་བྱེད་ཐབས་ཀྱང་བརྗེ་རེས་བྱས་ཏེ་དམངས་ཆེན་འཐུས་མིའི་སྙིང་སྟོབས་མངོན་པར་བྱས་པ་དང་། ཏང་འཛུགས་བྱ་བ་དང་འཐུས་མིའི་བྱ་བ་མཉམ་འབྲེལ་མཉམ་བསྲེས་ལ་ཡར་སྐུལ་བྱས། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་དམངས་ཆེན་འཐུས་མིའི་འཆད་སྟེགས་དེ་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་སྤུས་ལེགས་ལག་ལེན་སྟེགས་བུ་རུ་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར།

བྱ་འགུལ་སྐབས་སུ། དམངས་ཆེན་འཐུས་མི་དང་ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཞོན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཡུལ་ཚོ་ཧུང་ཀོང་སྡེ་བར་སོང་ནས་ཡུལ་དངོས་ལྟ་ཞིབ་བྱས།

 

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།