མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས་པ།

  2024-03-12 15:52:05 

མཚོ་སྔོན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་གྲོས་ཆོད་འཆར་ཟིན་སྣ་ཚོགས་ལ་གྲོས་ཞིབ་བྱས་པ།

ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། གྲོས་ཆོད་འཆར་ཟིན་སྣ་ཚོགས་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པ་དང་། ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ལིའུ་ཆི་ཧྥན་དང་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ། རང་ཞིང་གི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།