མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

འཐུས་མི་ལིའུ་ཞའོ་རུང་དང་མཱ་ཧྥུའུ་ཁྲང་གིས་གྲོས་གཞི་བཏོན་པ།

  2024-03-12 15:52:05 

འཐུས་མི་ལིའུ་ཞའོ་རུང་དང་མཱ་ཧྥུའུ་ཁྲང་གིས་མཚོ་སྔོན་གྱི་གཞི་རྩའི་རྒན་གསོའི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་སྲིད་ཇུས་དང་མ་དངུལ་གྱིས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་ནས་རྒན་གསོའི་ཞབས་ཕྱིའི་འདོན་སྤྲོད་སྤྱི་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། སྤུས་ཚད་རིམ་གྱིས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ཡང་། རང་ཞིང་གི་མི་གྲངས་རྒས་འགྱུར་ཅན་གྱི་ཚད་རྒྱུན་མཐུད་ངང་ཇེ་ཆེར་སོང་བ་དང་བསྟུན་ནས་རྒན་པ་རྣམས་ཀྱི་རྒན་གསོའི་ཞབས་ཕྱིའི་དགོས་མཁོ་སྔར་བཞིན་ཇེ་མང་དུ་གྱུར། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིའུ་ཞའོ་རུང་དང་མཱ་ཧྥུའུ་ཁྲང་གིས་མཚོ་སྔོན་གྱི་གཞི་རྩའི་རྒན་གསོའི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་སྲིད་ཇུས་དང་མ་དངུལ་གྱིས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རང་ཞིང་གི་སྡེ་ཁུལ་གྱི་གཞིས་སྡོད་རྒན་གསོའི་ཞབས་ཕྱི་འཕེལ་རྒྱས་ཐད་མ་དངུལ་གཏོང་ཚད་སྔར་ལས་ཇེ་མང་དུ་གཏོང་བ་དང་། ལྷག་པར་རང་ཞིང་གི་རྒན་པའི་ཁྱིམ་ཚང་རྒན་པར་འཚམ་པ་ཅན་དུ་སྒྱུར་བཅོས་བྱེད་པའི་རྣམ་གྲངས་དང་སྡེ་ཁུལ་གྱི་གཞིས་སྡོད་རྒན་པར་རོགས་འདེགས་བྱེད་པའི་ཞབས་ཕྱིར་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ནས། རྒན་པའི་གཞིས་སྡོད་རྒན་གསོའི་ཞབས་ཕྱིའི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་རྒྱུ་དང་། རང་ཞིང་གི་གཞིས་སྡོད་རྒན་གསོའི་ཞབས་ཕྱི་གཙོ་བྱས་པའི་གྲོང་གསེབ་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། ལྷག་པར་གྲོང་གསེབ་འབྲོག་ཁུལ་གྱི་ཕན་ཚུན་རོགས་རེས་བྱེད་པའི་རྒན་གསོའི་ཞབས་ཕྱིའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། མཚོ་སྔོན་རོང་འབྲོག་ཁུལ་གྱི་རྒན་པར་རོགས་འདེགས་བྱེད་པ་སོགས་ཉིན་མོའི་ལྟ་སྐྱོང་ཞབས་ཕྱི་མངོན་འགྱུར་འབྱུང་རྒྱུར་རྨང་གཞི་འདིང་རྒྱུ།  ཀྲུང་དབྱང་དང་ས་གནས་ཀྱིས་གཞི་རྩའི་རྒན་གསོའི་ཞབས་ཕྱིའི་གྲོན་དངུལ་ཐུན་མོང་གིས་འགན་ཁུར་བའི་འགན་སྲུང་ལམ་ལུགས་འཐུས་ཚང་འཛུགས་རྒྱུ་མ་ཟད། ལོ་རེར་བརྟན་ཐོག་ཡར་འཕེལ་དང་འགུལ་རྣམ་སྙོམ་སྒྲིག་མངོན་འགྱུར་བྱུང་སྟེ། རང་ཞིང་གིས་སྡེ་ཁུལ་གྱི་གཞིས་སྡོད་རྒན་གསོའི་ཞབས་ཕྱིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རོགས་ཤུགས་འདོན་རྒྱུའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།