འཐུས་མི་ཞུའུ་ཆིན་མེན་གྱིས་རང་བྱུང་ཐོན་ཁུངས་གཞི་གྲངས་ཀྱི་བཅོས་སྐྱོང་བྱ་བ་ལེགས་སྒྱུར་བྱ་རྒྱུའི་གྲོས་གཞི་བཏོན་པ།
རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་བཅོས་སྐྱོང་བྱ་རྒྱུ་ནི་རང་བྱུང་ཐོན་ཁུངས་ཆ་འཕྲིན་ཅན་གྱི་བྱ་བའི་རྨང་གཞི་ཡིན་ལ། རང་བྱུང་ཐོན་ཁུངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་ལམ་བུ་ཡིན། མིག་སྔར། རང་བྱུང་ཐོན་ཁུངས་གཞི་གྲངས་ལ་འབྱུང་ཁུངས་མང་པོ་ཡོད་པས། རང་བྱུང་ཐོན་ཁུངས་གཞི་གྲངས་ཀྱི་གཅིག་བསྡུས་དང་གཅིག་གྱུར་དོ་དམ་ལ་ཚད་བཀག་བྱས་ཡོད། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཞུའུ་ཆིན་མེན་གྱིས་གཞི་གྲངས་ཀྱི་རྒྱུ་རྐྱེན་རིན་ཐང་མཐོར་འདེགས་གཏོང་བའི་རྒྱབ་ལྗོངས་འོག་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་བཅོས་སྐྱོང་བྱ་བ་ལེགས་སྒྱུར་བྱ་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་དུ། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་གཞི་གྲངས་བཅོས་སྐྱོང་གི་རྩེ་རིམ་ཇུས་འགོད་ཇེ་དྲག་ཏུ་གཏོང་བ་དང་གཞི་གྲངས་ཀྱི་ཚད་གཞི་དང་ལག་རྩལ་གྱི་ཚད་ལྡན་མ་ལག་གཅིག་གྱུར་བྱ་རྒྱུ། རྒྱལ་ཡོངས་བར་སྟོང་ཆ་འཕྲིན་གྱི་དཔེ་དབྱིབས་ཚད་གཞི་ཞིབ་བཟོ་དང་དཔེ་སྟོན་འཛུགས་རྒྱུ། སྣ་མང་ཅན་གྱི་གཞི་གྲངས་གཅིག་སྡུད་དང་བརྗོད་དོན་ཅན་གྱི་གཞི་གྲངས་ལས་སྣོན་བྱེད་ནུས་མཐོར་འདེགས་གཏོང་རྒྱུ། གཅིག་གྱུར་གྱི་རང་བྱུང་ཐོན་ཁུངས་གཞི་གྲངས་ཀྱི་ཐོན་ཁུངས་དཀར་ཆག་དང་གཞི་གྲངས་གཅིག་གྱུར་དོ་དམ་གྱི་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པ་བཅས་བྱས་ཏེ་གཞི་གྲངས་བཅོས་སྐྱོང་གི་ཚད་ལྡན་ཅན་དང་མ་ལག་ཅན། ཚད་གཞི་ཅན་བཅས་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་གཞི་གྲངས་ཀྱི་རྒྱུ་རྐྱེན་རིན་ཐང་མཐོར་འདེགས་གཏོང་དགོས་ཞེས་བཤད་ཡོད།