འཐུས་མི་ཅང་ཀྲི་ཀང་དང་རིན་ཆེན་བཀྲ་ཤིས། ཤ་བོ་སྒྲོལ་མ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་བཏུང་ཆུའི་བདེ་འཇགས་འགན་སྲུང་ལ་སྔར་ལས་རྒྱབ་སྐྱོབ་བྱ་རྒྱུའི་གྲོས་གཞི་བཏོན།
སྤྱི་ཚོགས་དཔལ་འབྱོར་རྒྱུན་མ་ཆད་པར་ཡར་ཐོན་བྱུང་བ་དང་གྲོང་གསེབ་ལེགས་བསྡུས་ཅན་གྱི་འཕེལ་རྒྱས་དང་བཙོག་ཆུའི་བཟོ་སྐྲུན་འཛུགས་སྐྲུན། ཆུ་བཤལ་གསང་སྤྱོད་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་བསྟུན་ནས། རང་ཞིང་གི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བཏུང་ཆུའི་བཟོ་སྐྲུན་གྱི་ཆུ་སྤུས་དང་ཆུ་ཚད་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཅང་ཀྲི་ཀང་དང་རིན་ཆེན་བཀྲ་ཤིས། ཤ་བོ་སྒྲོལ་མ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་བཏུང་ཆུའི་བདེ་འཇགས་འགན་སྲུང་ལ་སྔར་ལས་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བྱ་བའི་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་རེ་བ་ནན་མོ་བཏོན། རང་ཞིང་གི་རོང་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་འཛུགས་སྐྲུན་གྱི་དངུལ་གཏོང་དེ་འབྲེལ་ཡོད་ཆེད་དོན་དངུལ་གཏོང་ཁྲོད་འཇོག་པ་དང་། ཡང་ན་མཐུན་སྦྱོར་བྱས་ནས་ཁ་གསབ་མ་དངུལ་བཏང་ནས། རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བཟོ་སྐྲུན་འཛུགས་སྐྲུན་ཐད་ཆེད་སྤྱོད་བྱེད་པ་དང་། ད་ཡོད་ཀྱི་ཐབས་ལམ་སྤྱད་དེ་རང་ཞིང་གི་རོང་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་གྱི་ཞིག་གསོ་གསོ་སྐྱོང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་བསྐྱེད་པ་དང་། ཞིག་གསོ་གསོ་སྐྱོང་མ་དངུལ་བགོ་བཤའ་བྱེད་སྐབས་རང་ཞིང་གི་དམིགས་བསལ་གནས་ཚུལ་ལ་བསམ་གཞིགས་བཏང་ནས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཏོན་ཡོད།