ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཁྲིན་ཀང་གིས་གཏམ་བཤད་གནང་བ་དང་། ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས། ཝང་ལིས་མེན་གྱིས་འགོ་འཛིན་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ལ་ཞུགས་ནས་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན།
འཐུས་མི་ཁྲིན་ཀང་གིས་བཤད་རྒྱུར། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཕུལ་བའི་སྙན་ཞུས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་རྩ་ཁྲིམས་ཀྱི་ཆེས་མཐོའི་བཅའ་ཁྲིམས་ཀྱི་གནས་བབ་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོར་བཞག་ལ། ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱུ་དེ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བྱ་བར་སྐུལ་འདེད་གཏོང་བའི་ཐབས་ཤེས་གཉིས་སུ་བརྩིས་པ་དང་། འཐུས་མིའི་གཙོ་ཤུགས་གནས་བབ་ལ་བརྩི་འཇོག་དང་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ལ་བརྩིས་ཤིང་། “ལས་ཁུངས་བཞིའི”འགན་འཁྲིའི་ངེས་གནས་དེ་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཡོད་ལ། དེ་ནི་ལམ་ལུགས་ཀྱི་ལེགས་ཆ་མངོན་པ་དང་། འགན་འཁྲི་འཁུར་བ། ཁྲིམས་སྐྱོང་གི་སྙིང་སྟོབས་ལྡན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། ང་ཡོངས་སུ་འཐད་པ་ཡིན། ལོ་གཅིག་གི་རིང་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་ནུས་ལྡན་འོག་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མངོན་གསལ་ཅན་དུ་གཏོང་བ། ལྟ་སྐུལ་གྱི་ངེས་མཁོ་རང་བཞིན་ཇེ་ཆེར་གཏོང་བ། གོ་གནས་བསྐོ་འཐེན་ཚད་ལྡན་དུ་གཏོང་བ། འཐུས་མིའི་འགན་འཁྲི་བསྒྲུབ་རྒྱུར་འགན་ལེན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། གོམ་སྟབས་རྗེས་མར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་མཚོ་སྔོན་གྱི་དམངས་ཆེན་བྱ་བའི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་རྒྱུ་ཡིན།
འཐུས་མི་ལིའུ་གོ་ཆང་དང་། ཏིས་ཆིན་ཡུན། མཱ་ཧྲི་ཀུང་། གོ་ཅིན་ཕེན། ཝང་ཧྭ་ཅེ། པིས་ཧྲིན་ལུང་། ཆའོ་ཡཱ་ཆུན། ཤ་བོ་སྒྲོལ་མ་བཅས་ཀྱིས་གཏམ་བཤད།